ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མགོ་ལོག་གི་སློབ་མ་396གིས་སྤུས་ལེགས་སློབ་ཁྲིད་ཀྱི་ཉིན་དང་པོ་བསུས་པ།

སྤེལ་དུས 2019-09-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་འབུམ་ཚེ་རིང་གིས་བསྒྱུར།
              ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་31ཉིན། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི(ཟི་ཅིང)མགོ་ལོག་སློབ་འབྲིང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཁག་དང་པོའི་སློབ་མ་396ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་སོ་སོ་ནས་ཡིན་པ་དང་། དམའ་རིམ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་གཉིས་ཚུད་པའི་སློབ་མ་ཚོར་འཛིན་གྲྭ་10བཙུགས་ནས་སློབ་ཁྲིད་བྱས་པ་རེད། 
              ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་སློབ་འབྲིང་ནི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཉིང་ཀྲང་ལམ་དུ་ཡོད་པ་དང་། དེ་ནི་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡི་དོ་དམ་ཁོངས་གཏོགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཆ་ཚང་སློབ་འབྲིང་ཞིག་ཡིན་ལ། ཁྱོན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་1.22བཏང་ཡོད་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་དང་། ཧྲང་ཧའེ་ཡིས་རོགས་སྐྲུན་མ་དངུལ་རྒྱབ་སྐྱོར་བྱས། སློབ་གྲྭས་རྒྱ་ཁྱོན་སྤྱི་ཆིང་3.4ཟིན་པ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་29261ཟིན་ཡོད། དེའི་ནང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། དགེ་རྒན་གྱི་སྤྱི་པའི་སྡོད་ཁང་། སློབ་མའི་མལ་ཤག སློབ་མའི་ཟ་ཁང་། ལུས་རྩལ་ར་བ་སོགས་ཀྱི་འཛུགས་སྐྲུན་ཚུད་ཡོད་པ་རེད། 
              ད་ཐེངས་མགོ་ལོག་སློབ་འབྲིང་ལ་མ་དངུལ་གྱི་འགྲོ་གྲོན་བཏང་བ་འདི་ནི་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། མགོ་ལོག་སློབ་གསོའི་སྤུས་རྟགས་གསར་གཏོད་ལས་གཞི་གསར་སྐྲུན། མགོ་ལོག་གི་སློབ་ཕྲུག་སློབ་གྲྭ་བཟང་པོར་བསྐྱོད་པའི་དམིགས་འབེན་ཐག་གཅོད། སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེ་དང་ཆབས་ཅིག་མགོ་ལོག་སློབ་འབྲིང་དང་ཁོངས་གཏོགས་སློབ་གྲྭའི་ཐོབ་ཐང་ཐོག་ནས་ཧྲང་ཧའེ་ཏ་ཐུང་སློབ་གསོ་ཚོགས་པར་ཞུགས་ཏེ་ཧྲང་ཧའེ་ཡི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མུ་མཐུད་མཉམ་སྤྱོད་བྱ་རྒྱུ་དང་། མཉམ་གཅིག་ཏུ་སློབ་གསོར་ཞིབ་འཇུག དགེ་རྒན་བརྗེ་རེས། རྒྱང་བསྟེན་སློབ་གསོ་སོགས་ཀྱི་ཐབས་ལམ་བརྒྱུད་མགོ་ལོག་སློབ་སློབ་འབྲིང་གི་སློབ་ཁྲིད་འདུ་ཤེས་ཧྲང་ཧའེ་དང་ཐད་ཀར་གཅིག་མཚུངས་ཆགས་པ་བྱེད་རྒྱུ་རེད།  །
རྩོམ་སྒྲིག་པ། སངས་སྐྱབས།