ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྨ་སྟོད་རྫོང་དུ་ཁྲིམས་འགལ་ངང་གསེར་གཏེར་བསྔོགས་པའི་གྱོད་གཞི་ཞིག་བསྒྲཊ་འདུག

སྤེལ་དུས 2019-09-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             མཚོ་སྔོན་ཁྲིམས་ལུགས་ཚགས་པར་དུ་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་8ཚེས་30ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཅས་ཀྱིས“དཔེ་སྟོན་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་འདེགས་དང་འགན་སྲུང་བྱེད་པའི་སྣོད་བཅུད་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་གཞི་ལྔ་ཡོངས་བསྒྲགས་བྱས་ཡོད།
             གྱོད་གཞི་དེ་དག་ཁྲོད་ཀྱི་གཅིག་ནི་ཀའོ་ག་གེ་མོ་སོགས་མི་བདུན་གྱིས་ཁྲིམས་འགལ་ངང་གཙང་གསུམ་ཆུ་མགོ་ལས་གཏེར་ཁ་བསྔོགས་པའི་གྱོད་གཞི་རེད། དེ་ཡང་2016ལོའི་ཟླ་6པར། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་སོགས་མི་བདུན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་རང་འདོད་ལྟར་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་དུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་གྲོང་ཚོ་ག་གེ་མོའི་ཞུ་སྦྱོར་ཕྱི་མ་གཅོད་ཆེ་གེ་མོས་འགན་གཙང་བླངས་པའི་རྩྭ་སའི་ཐོག་གསེར་སྔོག་འདོན་བྱས་པ་མ་ཟད། གཅོད་ཆེ་གེ་མོར་རྔན་པ་སྤྲད།
             2016ལོའི་ཟླ་7པའི་ཟླ་མཇུག་ཏུ་ཀའོ་ཆེ་གེ་མོ་སོགས་ཀྱིས་གསེར་སྔོག་མཁན་གྱི་གླ་བ་བསྡུས་ནས་སྔ་རྗེས་སུ་ཉིན་20ལྷག་ཙམ་རིང་བྱེ་གསེར་ཁེ་53.563སྔོག་འདོན་བྱས་པ་དང་། སྔོག་འདོན་བྱས་རྐྱེན་གཏོར་སྐྱོན་ཐེབས་པའི་རྩྭ་སའི་རྒྱ་ཁྱོན་མུའུ་20ལྷག་ཙམ་ཟིན་ནས། ས་ཁུལ་དེའི་བཞའ་ཚན་ཁུལ་གྱི་ཆུ་འཛུལ་བང་རིམ་གྱི་གྲུབ་ཆར་གཏོར་སྐྱོན་ཚབས་ཆེན་དང་གདོད་མའི་ས་གཤིས་ལ་གནོད་འཚེ་ཚབས་ཆེན། དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཅས་ཕོག
             རྨ་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་2018ལོའི་ཟླ་5ཚེས་16ཉིན་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་དེ་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གྱོད་གཞིའི་ཐོག་ནས་གཏུག་བཤེར་བྱས་པ་དང་། 2018ལོའི་ཟླ་8ཚེས་16ཉིན། གྱོད་གཞི་དེར་ཞིབ་གཅོད་བྱས་ཤིང་། མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བདུན་གྱིས་ཆོག་མཆན་མ་གནང་བའི་འོག་རང་འདོད་ལྟར་བྱེ་གསེར་སྔོག་འདོན་བྱས་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་འགལ་བས། ཞུ་སྦྱོར་ཕྱི་མ་བདུན་པོར་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ཡན་གྱི་ཁྲིམས་ཆད་བཅད་པ་དང་། ཞུ་སྦྱོར་ཕྱི་མ་བདུན་གྱིས་རང་མོས་ངང་ཁོར་ཡུག་སླར་གསོའི་འགྲོ་གྲོན་སྒོར་འབུམ་2དང་ཁྲི་4ལྷག་སྤྲད་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།