ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཕྱུར་བས་དབུལ་ཐར་འགག་སྒྲོལ་ལ་ཤུགས་རྒྱབ་པ།

སྤེལ་དུས 2019-09-04 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
               ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་ཆད་འབྲོག་པ་ཚོས་འོ་མ་ལས་མར་བླངས་རྗེས་ལྷག་མ་རྣམས་མར་བཤོ་བའམ་ཡང་ན་སྐམ་ནས“ཕྱུར་བ”བཟོ་བ་རེད། དེ་སྔ“ཕྱུར་བ”ནི་འབྲོག་པའི་རྒྱུན་གཏན་གྱི་བཟའ་ཆས་སམ་ཡང་ན་དཔྱིད་འགོར་ཕྱུགས་ཟོག་གི་གཟན་ཆག་ཁ་གསབ་ཙམ་རེད། ཁྲོམ་རའི་རིན་གོང་ནི་སྤྱི་རྒྱ་རེར་སྒོར་1.2ལས་ཟིན་གྱི་མེད།


               ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འོ་སྣོན་ཐོན་རྫས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་འོ་སྣོན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། ཆེད་ལས་མཉམ་ལས་ཁང་ནས་འབྲི་གཡག་གི་འོ་མ་ཉོ་སྒྲུབ་བྱས་པ་དང་འབྲི་གཡག་གི་འོ་མའི་སྤྲི་དཀར་ཕྱེ་མ་སོགས་འཛད་སྤྱོད་ཐོན་རྫས་བཟོས་པ་ཕུད། ཁེ་ལས་ཀྱིས་ད་དུང་འབྲོག་པའི་ཁྱིམ་ནས“ཕྱུར་བ”ཉོ་སྒྲུབ་བྱས་པ་དང་ལས་སྣོན་བྱས་པ་བརྒྱུད་ཟུར་སྣོན་རིན་ཐང་མཐོ་བའི་ཕྱུར་བ་སྐམ་པོའི་ཐོན་རྫས་བཟོས་ནས་འཛམ་གླིང་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་པ་རེད།


               ཤེས་རྟོགས་བྱུང་བར་གཞིགས་ན། ཕྱུར་རྒྱུ་ནི་ཤོག་བུ་བཟོ་བ་དང་། འཁལ་འཐག་དང་དེ་བཞིན་འཕྲོད་སྦྱོར་བཟའ་བཅའ་སྣ་ཚོགས་ཀྱི་ཁྲོད་ལ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། རྩྭ་ཐང་ཐོག་གི“ཕྱུར་བའི”ཉོ་སྒྲུབ་རིན་གོང་ཡང་སྤྱི་རྒྱ་རེར་སྒོར་53བར་འཕར་ཡོད་པ་རེད། ཀན་ལྷོ་ཁུལ་དེ་མིག་སྔར་རྒྱལ་ཡོངས་ཀྱི“ཕྱུར་བའི”ཉོ་ཚོང་ལྟེ་གནས་སུ་གྱུར་ནས“ཕྱུར་བ”ཉོ་སྒྲུབ་བྱས་པ་ལས་འབྲོག་དུད་ཁྲི་2.95ལ་ཕན་པ་ཐོབ་པ་དང་དེ་སྔའི་ཕྱུར་བ་དེ་ས་གནས་དེ་གའི་འབྲོག་པའི་དབུལ་སྒྲོལ་འབབ་འཕར་གྱི་ཐོན་རྫས་ཤིག་ཏུ་གྱུར་ཡོད། །
རྩོམ་སྒྲིག་པ། སངས་སྐྱབས།