ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སི་ཁྲོན་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་གི་ཡུལ་སྐོར་ཚོང་གཉེར་དང་སྐབས་གཉིས་པའི“འབྲུག་མོས་སྟོན་བསུ་དུས་སྟོན”མི་འགྱངས་པར་འགོ་རྩོམ་རྒྱུ་རེད།

སྤེལ་དུས 2019-09-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱུས་ལོན་བྱས་པར། ཟླ་9པའི་ཚེས་16ཉིན་གེ་སར་རྒྱལ་པོའི་མཁར་རྫོང་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་གི་ཡུལ་སྐོར་ཚོང་གཉེར་དང་སྐབས་གཉིས་པའི“འབྲུག་མོས་སྟོན་བསུ་དུས་སྟོན”དངོས་སུ་འགོ་རྩོམ་རྒྱུ་ཡིན་པ་སྟེ། སྐབས་དེར་ལོ་གཉིས་ཀྱི་རིང་ལ་བློ་རྩེ་གཅིག་སྒྲིམ་གྱིས་བཟོ་བཀོད་བྱས་པའི་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་གིས་མཁར་སྒོ་འབྱེད་པའི་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་རྒྱུ་རེད། 
དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་།
               དཀར་མཛེས་རྫོང་གི་རིག་གནས་ཀྱི་རྔམ་མཐུག་པ་དང་། གེ་སར་རྒྱལ་པོའི་སྒྲུང་རབས་རིག་གནས་དང་དམངས་སྲོལ་རིག་གནས། ཚོང་ལས་རིག་གནས། ཆོས་ལུགས་རིག་གནས་ལ་སོགས་པ་མཉམ་དུ་འདུས་པའི་ས་ཆ་ཡིན། དཀར་མཛེས་རྫོང་གི་ཁོངས་སུ་གེ་སར་རྒྱལ་པོའི་ངག་རྒྱུན་དང་རྗེས་ཤུལ་མང་དུ་ཡོད་པས། རིག་གནས་ཀྱི་རྨང་རྡོ་འདི་གཅིག་པུར་གཞི་བཅོལ་ཏེ་དཀར་མཛེས་རྫོང་གིས་ཁོངས་སྤྱིའི་ཡུལ་སྐོར་གྱིས་དབུལ་སྒྲོལ་འགག་སྒྲོལ་བྱ་བར་གཞོགས་འདེགས་དང་། རིག་གནས་ཀྱི་གཏིང་ཟབ་སྔོག་པ་དང་ཇུས་འགོད་ཁྱད་པར་བ་བརྒྱུད་ནས་གེ་སར་རྒྱལ་པོའི་མཁར་རྫོང་ཇུས་འགོད་དང་བཟོ་བཀོད་བྱས། 
འཁྲབ་སྟོན་གྱི་སྟ་གོན་ཡུལ་དངོས།
               རྒྱུས་ལོན་བྱས་པར། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ནི་ཉིན་བཞི་ཡིན་པ་དང་། “སྒྲུང་རབས་ཆེན་མོ་རྒྱུན་འཛིན•དར་རྒྱས་ཆེ་བའི་དུས་རབས་མཉམ་སྤྱོད•ཀྲུང་ཧྭའི་འཁྲུངས་སྐར་སྐྱེས་འབུལ”ཞེས་པ་བརྗོད་གཞིར་བཟུང་སྟེ། གེ་སར་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་དང་མི་རིགས་དམངས་ཁྲོད་རིག་རྩལ་འཁྲབ་སྟོན། རྣམ་ཐར་འཁྲབ་སྟོན། “ང་དང་ང་ཡི་མེས་རྒྱལ”གྱི་བརྗོད་གཞིའི་མགྱོགས་བརྙན། གེ་སར་རྒྱལ་པོའི་མཁར་རྫོང་གི་སྣང་བརྙན་ཕོ་ཉའི་འདེམ་སྒྲུག  མེ་ཏོག་བཤམས་སྟོན་སོགས་བྱ་འགུལ་སྣ་མང་མཉམ་དུ་འདུས་ཡོད། སྤྲོ་སེམས་ངར་མ་འཕྱོ་བའི་དཀར་མཛེས་རྐང་བྲོ་དང་། ཁྱད་ཆོས་དམིགས་བསལ་བ་ལྡན་པའི་དཀར་མཛེས་ཨ་ཅེ་ལྷ་མོ། འགྱུར་ཁུགས་སྙན་འཇེབས་ཅན་གྱི་དགེ་སྟག་རྒྱུད་དཀྲོལ་སོགས་མི་རིགས་ཀྱི་རིག་གནས་རྣམས་ཐེངས་འདིའི་དུས་སྟོན་སྟེང་སྤེལ་རྒྱུ་རེད། གཞན་ཡང་བྱ་འགུལ་གྱི་སྐོར་ཁག་གཙོ་བོ“གེ་སར་རིག་གནས་དཀར་མཛེས་སུ་ཡོད།”ཅེས་པའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཡིས་གེ་སར་རིག་གནས་ཆེད་མཁས་པ་དང་ཉམས་ཞིབ་པ་30ལྷག་གདན་དྲངས་ཏེ་དཀར་མཛེས་རྫོང་དུ་འཛོམས་རྒྱུ་ཡིན་པ་དང་། དེ་དག་ཐུན་མོང་གིས་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་ཐད་བགྲོ་གླེང་སྤེལ་རྒྱུ་རེད།
               མིག་སྔར་བྱ་འགུལ་རྣམ་གྲངས་སོ་སོའི་གྲ་སྒྲིག་བྱ་བ་བྲེལ་འཚུབ་ཀྱིས་སྤེལ་ཞིང་མཆིས་སོ།།