ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐད་བསྟུད་མར་ལོ་འགའི་རིང་ལོ་ལེགས་བྱུང་བ།

སྤེལ་དུས 2019-09-17 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
              2012ལོ་ནས་གྲོ་འབྲས་ཚོད་ལྟ་འདེབས་འཛུགས་བྱས་པ་ནས་ད་ལོའི་བར་དུ། མཚོ་ནུབ་ཁུལ་གྱི་གྲོ་འབྲས་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་སྤྱི་ཆིང1733.3ལ་སླེབས་པ་དང་། སྔོན་རྩིས་ལྟར་ན་ཐོན་ཚད་ཏུན6500རུ་བསླེབ་ཐུབ། སྔོན་ཆད་གྲོ་བཏབ་པ་དང་བསྡུར་ན། སྤྱི་ཆིང0.66གི་ས་ཞིང་ལ་གྲོ་འབྲས་བཏབ་ན་ཡོང་སྒོ་སྒོར3000རུ་འཕར་ཐུབ། ད་ལྟ་གྲོ་འབྲས་ནི་མཚོ་ནུབ་ཀྱི་མི་ཕལ་མོ་ཆེའི“སྒོར་མོའི་ཡོང་ཁུངས་ཀྱི་དཔག་བསམ་ཤིང”དུ་གྱུར་ཡོད། འདི་ནི་གྲོ་འབྲས་སྨིན་པའི་ཞིང་ས་རེད།
              མགོ་ལོག་ཁུལ་གྱི་ཀྲུང་གོའི་རོང་འབྲོག་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་དེ2018ལོའི་ཟླ10པའི་ཚེས19ཉིན་ནས་ཚེས21ཉིན་བར་དགའ་བདེ་རྫོང་དུར་བུ་རིག་གནས་ལོ་རྒྱུས་སྙན་ངག་སྡེ་བ་རུ་གཟབ་རྒྱས་ངང་བསྡུས། ཉེ་བའི་ལོ་འགའི་རིང་།མགོ་ལོག་ཁུལ་གྱིས“ཏང་ཀྲི་པུའུ+མཉམ་ལས་ཁང+རྟེན་གཞི+ཁེ་ལས+འབྲོག་ཁྱིམ”གྱི་གསར་སྐྲུན་འཕེལ་རྒྱས་ཀྱི་ལམ་བུ་འཐུས་ཚང་དུ་བཏང་ནས། རོང་འབྲོག་པའི་ཡོང་སྒོ་འཕར་བ་དང་ཕྱུག་སྒྱུར་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།ཐེངས་འདིའི་བྱ་འགུལ་དུ་ལྟ་འདོད་ཅིང་ཉན་སྤྲོ་བའི་ལུས་རྩལ་བྱ་འགུལ་དང་རིག་རྩལ་འཁྲབ་སྟོན། དངོས་ཟོག་བརྗེ་རེས་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ།
              འདས་པའི་ལོ་གཅིག་གི་རིང་། རང་ཞིང་གིས་སློབ་གསོ་དང་ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་སོགས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་རེ་རེ་ནས་དམངས་ཕན་བྱེད་ཐབས་རེ་རེ་བཏོན་པ་དང་། དོན་དངོས་དང་དོན་བཟང་སྒྲུབ་པས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་།པར་འདི་ནི་གཅན་ཚ་རྫོང་སྣང་ར་ཞང་རྨ་ཆུ་ཤར་ཕྱོགས་སུ་དབུལ་སྐྱོར་གནས་སྤོ་བྱས་པའི་སྡེ་བ་རེད།
              ཟླ3པའི་ཚེས18ཉིན་ནི་ལུགས་རྙིང་གི་ཟླ་གཉིས་པའི་ཚེས་གཉིས་ཡིན་ལ། དེ་ནི་ལོ་གཅིག་གི་ཞིང་ལས་བྱ་བ་མགོ་རྩོམ་པའི་ཉིན་མོ་ཡིན་པས། ཉིན་དེར། ཧོང་ཀྲུང་རྫོང་ན་ལུང་ཁོག་གྲོང་རྡལ་གསེར་ཚང་གླིང་གི“མུའུ་རུང་གནའ་གྲོང”དུ་རང་བསྙལ་ནས་ཆང་རིག་གནས་སྒྱུ་རྩལ་དུས་ཆེན་བསྡུས་ནས“ཟླ་གཉིས་པའི་ཚེས་གཉིས”ཀྱི་དགའ་སྟོན་ལ་ལྷན་དུ་རོལ།
རྩོམ་སྒྲིག་པ། སངས་སྐྱབས།