ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དགུང་གྲངས76ལ་སླེབས་པའི་རྒྱལ་ཁབ་རིམ་པའི་གླིང་སྒྲུང་རྒྱུན་འཛིན་པ་དང་བུ་མོ་དངོས་སློབ་ཀྱི་ལོ་ངོ40ཡི་ངོ་མཚར་ལས་དབང་།

སྤེལ་དུས 2019-09-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཐར་ཁྲེང་གྲོང་རྡལ་ཐར་ས་གྲོང་ཚོར་ད་ལོར་དགུང་གྲངས་76ལ་སླེབས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གེ་སེར(སི)སྒྲུང་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཧོ་མིང་ཡོན་ཞེས་པ་ཞིག་ཡོད་དེ། ཉེ་ཆར་གསར་འགོད་པས་རྒན་པོ་དེར་བཅར་འདྲི་གནང་པ་རེད། 
འདི་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གེ་སེར(སི)སྒྲུང་གིཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཧོ་མིང་ཡོན་རེད།
               ཧོ་མིང་ཡོན་ནི་འབའ་ལུང་རྫོང་ཐར་ཁྲེང་གྲོང་རྡལ་ཐར་ས་་གྲོང་ཚོ་ནས་ཡིན་ཞིང་། ས་གནས་དེ་གར་སྐད་གྲགས་ཆོད་པའི་གེ་སར་སྒྲུང་བ་ཞིག་ཡིན་ལ། མིག་སྔར་བདེ་ཆེན་ཁུལ་དུ་འཚོ་བཞུགས་གནང་པའི་གེ་སར་སྒྲུང་བ་གཅིག་པུ་དེའང་རེད། 
               1995ལོར། ལོ་ན11ལ་སླེབས་པའི་ཧོ་མིང་ཡོན་གྱིས་འབའ་ལུང་རྫོང་སྤེན་རྩེ་ལན་གྲོང་རྡལ་དོན་འགྲུབ་གླིང་དགོན་དུ་གླིང་སྒྲུང་ཐོག་མར་ཐོས་རྗེས་གནའ་བོའི་སྒྱུ་རྩལ་དེར་དགའ་མོས་ཆེན་པོ་བྱུང་ལ། ས་གནས་དེ་གར་གླིང་སྒྲུང་འཁྲབ་སྟོན་བྱེད་ཐེངས་རེར་ཁོང་གིས་ནན་ཏན་ངང་ཉན་ཏེ་སློབ་སྦྱོང་བྱས་པ་མ་ཟད། སྦྱངས་སྟངས་ཀྱང་ཧ་ཅང་ཡག་པོ་ཡོད་པ་རེད། 
               ཧོ་མིང་ཡོན་གླིང་སྒྲུང་སྒྱུ་རྩལ་ལ་དེ་འདྲའི་དགའ་བོ་ཡོད་པ་མཐོང་རྗེས། དོན་གྲུབ་གླིང་དགོན་གྱི་མཐུ་སྟོབས་སྤྲུལ་སྐུས་ཁོ་ཉིད་ལ་གེ་སར་སྒྲུང་གི་སྒྱུ་རྩལ་ཁྲིད་རྒྱུར་ཐག་བཅད་ཅིང་། དུས་དེ་ནས་བཟུང་ཧོ་མིང་ཡོན་གྱིས་གེ་སར་སྒྲུང་གི་སྒྱུ་རྩལ་དངོས་སུ་སློབ་སྦྱོང་བྱེད་འགོ་བརྩམས་ཤིང་། ཁོང་གིས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ནང་གེ་སར་སྒྲུབ་གི་སྒྱུ་རྩལ་ལ་དཀའ་སྤྱད་བརྩོན་ཞིབ་བྱས་ནས་སྲོལ་རྒྱུན་གི་སྒྲུང་གི་གཞི་རྩའི་སྒྲུང་འཆད་ཀྱི་རྣམ་པ་བློ་ལ་ངེས་ཤིང་། སྒྲུང་གི་སྒྱུ་རྩལ་དེ་རྒྱུན་འཛིན་ཡག་པོ་ཐུབ་ནས་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་ཐེངས་མང་ཐོབ་ཡོད། 2012ལོའི་ཟླ་12པར་ཧོ་མིང་ཡོན་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གེ་སེར(སི་)སྒྲུང་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་མིང་བཏགས་པ་རེད། 
               སྤྱིར་དུ་འཚོ་བའི་ཐོག་ལྟོ་གོས་ཐད་སེམས་ཁྲལ་མེད་ནའང་། ཧོ་མིང་ཡོན་གྱི་སྔར་བཞིན་བློ་ཕམ་སྐྱེས་ས་ཞིག་ནི་བུ་ཕྲུག་ཚོ་གེ་སར་སྒྲུང་གི་སྒྱུ་རྩལ་ལ་དགའ་པོ་མེད་པ་དང་སློབ་སྦྱོང་བྱེད་འདོད་མེད་པ་དེ་རེད། སློབ་ཕྲུག་འགའ་རེ་བསྡུ་ལེན་བྱས་ཀྱང་མཇུག་མཐར་ཡང་རྒྱུན་སྐྱོང་ཐུབ་མེད་པ་རེད། 
པར་འདི་ནི་ཧོ་མིང་ཡོན་དང་སློབ་མ་ཧོ་ཅིན་མེ་རེད།
               1979ལོར་ཧོ་མིང་ཡོན་ཐོག་མར་གེ་སར་སྒྲུང་གི་སྒྱུ་རྩལ་བློ་མོས་སྐྱེས་པ་ནས་ལོ་24ཡི་རྗེས་སུ་སླར་ཡང་སྔར་གྱི་སྣང་ཚུལ་དེ་མཐོང་སྣང་དུ་མངོན་པ་ལྟར་སྣང་། སྐབས་དེ་དུས་ལོ་ན14ལ་སླེབས་པའི་ས་གནས་དེ་གའི་བུ་མོ་ཧོ་ཅིན་མེ་ནི་ཧོ་མིང་ཡོན་གྱི་འཁྲབ་སྟོན་གྱིས་ཡིད་དབང་བཀུག་ཅིང་། ཁོ་མོས་ཧོ་མིང་ཡོན་ནང་བཞིན་ལོ་ན་གཞོན་དུས་སྒྱུ་རྩལ་སྦྱངས་སྐབས་གེ་སར་སྒྲུང་གི་སྒྱུ་རྩལ་ལ་སྤྲོ་སེམས་དང་དགའ་ཞེན་གྱིས་ཁེངས་ཡོད་པ་དེས་ཧོ་མིང་ཡོན་སེམས་འགུལ་ཐེབས་ཤིང་། གེ་སར་སྒྲུང་གི་སྒྲུང་བའི་ཁྲོད་བུད་མེད་རྒྱུད་འཛིན་པ་ཧ་ཅང་ཉུང་། སེམས་རྣལ་མས་འབད་བརྩོན་བྱས་ན་དོན་ཅི་ཡང་འགྲུབ་ངེས་པས་ན་བསམ་གཞིགས་ཐེངས་མང་བཏང་རྗེས། ཧོ་ཅིན་མེ་ཧོ་མིང་ཡོན་གྱི་སློབ་མར་གྱུར་ཏེ་ལོ་ངོ་40ཕྱིན་ཡོད་པ་རེད། 
               ཧོ་ཅིན་མེ་ཡིས་གླིང་སྒྲུང་ལ་སློབ་གཉེར་ལྷུར་ལེན་དང་རྒྱུན་འཁྱོངས་བྱས་ཤིང་། “གེ་སར་སྒྲུང་ནི་ཉིན་མཚན་ཁ་ཤས་རིང་འཆད་ཚར་བ་ཞིག་མིན་པར། སྒྲུང་ཚིག་བརྒྱ་ལྷག་ཙམ་ནང་ཡིག་འབྲུ་གཅིག་ནོར་ཡང་འགྲིག་གི་མ་རེད། ཡི་གེ་གཅིག་ནོར་ཚེ་ནང་དོན་ཡང་འགྱུར་འགྲོ་གི་ཡོད་པ་རེད། ང་ཚོ་ཕྱི་ལ་འཁྲབ་སྟོན་དུ་བསྐྱོད་དུས། གཙོ་སྒྲུབ་པས་རམ་དཀྲོལ་བྱས་ཚེ་དེ་བས་ཀྱང་ཀུན་གྱི་ཡིད་དབང་འགུག་ཐུབ་ངེས་ཟེར། ངས་ནི་རམ་དཀྲོལ་བྱས་ཚེ་དེ་ནི་གེ་སེར་སྒྲུང་མ་རེད”ཅེས་བཤད་པ་ཡིན།
པར་འདི་ནི་ཧོ་མིང་ཡོན་དང་ཧོ་ཅིན་མེ་དགེ་སློབ་གཉིས་ཀྱིས《གླིང་རྗེ་གེ་སར་གྱིས་བཟའ་ཟླ་འཚོལ་བ》ཞེས་པའི་འཁྲབ་ཚན་འཁྲབ་སྟོན་བྱེད་བཞིན་པ་རེད།
               ལོ་ངོ40ཡི་སྒྱུ་རྩལ་སློབ་སྦྱོང་རིང་།  ཧོ་མིང་ཡོན་གྱིས་ཧོ་ཅིན་མེའི་ཀུན་སྤྱོད་དང་ལག་རྩལ་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་པའི་དུས་མཚུངས་ཧོ་མིང་ཡོན་གྱིས་གེ་སར་སྒྲུང་གི་སྒྱུ་རྩལ་ནི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ཡིན་ཏེ། ད་ཆ་ཆ་རྐྱེན་ཡག་པོ་དེ་འདྲ་ཡོད་པས་གཞོན་ནུ་དེ་བས་མང་པོས་གནའ་བོའི་སྒྱུ་རྩལ་དེར་སློབ་སྦྱོང་དང་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། ལོ་40ཡི་རིང་ཕ་མ་ནང་བཞིན་ཧོ་མིང་ཡོན་བཀུར་སྐྱོང་གནང་མཁན་ཧོ་ཅིན་མེ་ཡིས་རྒན་ལགས་ད་ལྟ་དགུང་གྲངས་མཐོན་པོ་ཆགས་ཡོད་པས། ཁོང་གི་འཁྲབ་སྟོན་ཡོད་ཚད་ཟིན་ཐོར་འགོད་རྒྱུའི་རེ་བ་ཡོད་ཅེས་བཤད། 
               《གེ་སེར(སིར)སྒྲུང》ནི་འཛམ་གླིང་ཐོག་གི་ཆེས་རིང་ཤོས་ལོ་རྒྱུས་སྙན་རྩོམ་ཡིན་ལ།སྙན་ཚིག་གི་གྲངས་འབོར་དེ་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་རྩོམ་གཞན་གྱི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།  ཆེད་མཁས་དག་གིས་ཚོད་དཔག་བྱས་ན་དེའི་སྤྱིའི་གྲངས་འབོར་ཡིག་འབྲུ་ཁྲི་8000ལས་བརྒལ་ཡོད་པ་རེད། དེ་ལས་ལྷག་པ་ཞིག་ནི་མིག་སྔར་འཛམ་གླིང་ཐོག་སྔར་བཞིན་རྒྱུན་འཛིན་ཆ་ཚང་བྱེད་པའི་ལོ་རྒྱུས་སྙན་རྩོམ“གསོན་པོ”དེ་ཉིད་དུ་ཆགས་ཡོད་པ་དང་། དེ་ནི་བོད་རིགས་ཀྱི་དམངས་ཁྲོད་ནས་བྱུང་པའི་གླིང་རྗེ་གེ་སར་རྒྱལ་པོའི་དཔའ་མཛངས་ཀྱི་ལོ་རྒྱུས་ལས་བྱུང་བའི་ངག་རྒྱུན་ཞིག་དང་། བོད་རིགས་ཀྱི་དམངས་ཁྲོད་རྩོམ་རིག་གི་སྤྱི་འདུས་ཤིག བོད་རིགས་མི་དམངས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་རིག་གནས་ཀྱི་དྲན་ཤེས་ཤིག་བཅས་ཡིན་པས་འཛམ་གླིང་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་པ་རེད། 
               《གེ་སར་སྒྲུང་》འཆད་མཁན་པར་བོད་སྐད་དུ“སྒྲུང་བ”ཞེས་འབོད་ཀྱི་ཡོད་ཅིང་། ཁྱིམ་བརྒྱུད་དང་དགེ་སློབ་ཕུད་ད་དུང“བབས་སྒྲུབ”དུ་འབོད་པའི་རྒྱུན་འཛིན་བྱེད་སྟངས་ངོ་མཚར་ཤིག་ཀྱང་ཡོད། “བབས་སྒྲུང”གི་སྒྲུང་པར་ནད་ཆེན་ཞིག་གམ་ཡང་ན་རྨི་ལམ་ཞིག་བརྒྱུད་རྗེས་གློ་བུར་དུ་ཐོགས་པ་མེད་པར་སྒྲུང་འཆད་ཐུབ་ཀྱི་ཡོད། “བབས་སྒྲུང”གི་སྒྲུང་བའི་ཁྲོད་མཐོང་རྒྱ་ཅི་ཡང་མེད་པའི་ཞིང་འབྲོག་པ་དཀྱུས་མ་མི་ཉུང་བ་ཞིག་ཡོད་མོད། དེ་ལྟར་ནའང་ཆུ་ཚོད་ཁ་ཤས་རིང་བསྟུད་མར་སྒྲུང་ཕུན་སུམ་ཚོགས་པ་ཞིག་འཆད་ཐུབ་ཅིང་འཁྲབ་ཚིག་སྙན་ཞིང་འཇེབས་པ་རེད།   
               སྤྱི་ཚོགས་རྙིང་པའི་སྐབས་གེ་སར་གྱི་སྒྲུང་པ་གྲོང་ཚོ་དང་ཤང་དུ་བསྐྱོད་དེ་སྒྱུ་རྩལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་སྲིད་གཞུང་གིས《གླིང་སྒྲུང》སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་དེ། 1954ལོར་མཚོ་སྔོན་ནས《གླིང་སྒྲུང》མྱུར་སྐྱོབ་དང་སྲུང་སྐྱོང་གི་ལས་དོན་སྤེལ་འགོ་ཚུགས་ཤིང་།  1984ལོར“རྒྱལ་ཡོངས་ཀྱི《གླིང་སྒྲུང》གི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་དོན་ཁང”བཙུགས་པ་དང་རྒྱལ་ཡོངས་རང་བཞིན་གྱི《གླིང་སྒྲུང》མྱུར་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 
               《གླིང་སྒྲུང》དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་པའི་ཆེད་མཁས་འཇམ་དཔལ་རྒྱ་མཚོས་ལོ་ངོ་30ལྷག་ཙམ་རིང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་གནང་ཡོད་ཅིང་། བོད་ཀྱི་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་མཁས་ཅན་གྲགས་པའི་གླིང་སྒྲུང་རྩ་བའི་སྒྲོམ་གཞི་བྱས་ཏེ། 2013ལོར་འཛམ་གླིང་ཐོག་འཐུས་སྒོ་ཚང་ཤོས་དང་ཕུན་སུམ་ཚོགས་ཤོས་ཀྱི་བོད་ཡིག་པར་མ《གླིང་སྒྲུང》དཔེ་སྐྲུན་བྱས་པ་རེད། 2018ལོར་རྨང་གཞིའི་ཐོག་ཡིག་འབྲུ་ཁྲི་150ལྷག་ཙམ་གྱི《དཔའ་བོ་གླིང་སྒྲུང》དཔེ་སྐྲུན་བྱས་ནས་མི་དེ་བས་མང་པོར་གླིང་སྒྲུང་ཤེས་རྟོགས་བྱེད་པའི་གོ་སྐབས་མཁོ་འདོན་གནང་ཡོད་པ་རེད།