ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ངེས་དོན་མཐར་ཕྱིན་གྱི་མཛད་རྗེས་སྙན་ཞུ་ཚོགས་འདུ་མཚོ་ཤར་དུ་འཚོགས་པ།

སྤེལ་དུས 2019-11-07 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ11པའི་ཚེས་4ཉིན། ཞིང་ཆེན་ཏང་ཨུའི་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་”པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ། ནུབ་རྒྱུད་དམག་ཁུལ་སྐམ་དམག་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྩ་འཛུགས་བྱས་པའི་“ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞིའི་‘ལྷག་བསམ་གྱིས་བློ་དཀར་རྒྱུན་བསྐྱངས་’ཞེས་པའི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་”མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་འཚོགས།
           སྙན་ཞུ་ཚོགས་འདུའི་ཐོག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ལས་བྱེད་མི་སྣ་སྒྲོལ་དཀར་ཚེ་སྐྱིད་དང་། ནུབ་རྒྱུད་དམག་ཁུལ་གྱི་སྐམ་དམག་ལུའུ་ཆེ་གེ་མོའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་སུའུ་ལི་ཅུན། ནུབ་རྒྱུད་དམག་ཁུལ་སྐམ་དམག་སྟོང་ཤོག་ཆེ་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་ཤོག་གི་བརྒྱ་དཔོན་ངེས་དོན་མཐར་ཕྱིན། ནུབ་རྒྱུད་དམག་ཁུལ་སྐམ་དམག་སྟོང་ཤོག་ཆེ་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་ཤོག་གི་ཧྲང་ཧྲི་ཀྲའོ་ཞེ་ཁྲོ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གསར་འགྱུར་དཔྱད་བརྗོད་པུའུ་ཡི་རྩོམ་སྒྲིག་པ་ཡཱང་ཡན་ལིང་བཅས་ཀྱིས་ཕྱོགས་མི་འདྲ་བའི་ངོས་ནས་ངེས་དོན་མཐར་ཕྱིན་གྱི་‘ལྷག་བསམ་གྱིས་བློ་དཀར་རྒྱུན་བསྐྱངས་’བའི་སྔོན་ཐོན་མཛད་རྗེས་གླེང་། ཁོ་ཚོའི་བརྩེ་སེམས་འཁོལ་བའི་གཏམ་བཤད་ཀྱིས་ངེས་དོན་མཐར་ཕྱིན་གྱི་ལྷག་བསམ་དྲོན་མོ་ཏང་ལ་ཕྱོགས་ཤིང་། རྒྱལ་ཁབ་གྱི་ཆེད་དུ་དམག་ལ་ཞུགས་པ། དམངས་ལ་དགའ་ཞིང་དམངས་ལ་བརྩེ་བའི་སྣང་བརྙན་སྔར་ལས་ཇེ་གསལ་དུ་བཏང་བས། ཡུལ་དངོས་ཀྱི་མང་ཚོགས་ལ་བློ་སྐྱེད་དང་ཡིད་འགུལ་ཐེབས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་དུས་མིན་དུ་བལྡབ་འོང་།
           སྙན་ཞུ་ཚོགས་འདུའི་རྗེས་སུ་མི་རྣམས་ཀྱིས་ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞིས་ཏང་ལ་བཅངས་བའི་དྲིན་ཤེས་ཀྱི་བསམ་པ་དང་། རིགས་སོ་སོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ནི་ཏང་ལ་དགའ་ཞིང་རྒྱལ་ཁབ་ལ་དགའ་བའི་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་མང་པོའི་ཚབ་མཚོན་ཡིན་ཞེས་བཤད། ཁོ་ཚོའི་སྔོན་ཐོན་མཛད་རྗེས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཡང་དག་རང་བཞིན་ར་སྤྲོད་བྱས་ཡོད་ལ། མཐུན་སྒྲིལ་ཡར་ཐོན་དང་འབྱོར་ཕྱུག་འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་དུས་རབས་ཀྱི་གཙོ་ཤུགས་ཡིན་པའང་ར་སྤྲོད་བྱས་ཡོད།
           སྙན་ཞུའི་ཚོགས་འདུར་ཞུགས་པའི་གྲོང་ཁྱེར་འགོ་ཁྲིད་ཁྲོད་ད་དུང་ཝཱ་ཧྲི་ཏེ་དང་མཱ་ཅེ། ཀྲང་ཧྲིན་ཡོན། ཡོན་ལིན་བཅས་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།