ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་ཚོང་ཚོགས་བཙུགས་པ།

སྤེལ་དུས 2019-11-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ་11པའི་ཚེས་7ཉིན། མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་ཚོང་ཚོགས་འཛུགས་པའི་ཚོགས་ཆེན་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལས་འཛིན་དང་ལྟ་ཞིབ་པ། ཚོགས་གཙོ། ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཚོགས་གཙོ་གཞོན་པ། ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། དྲུང་ཡིག་གཞོན་པ་བཅས་བདམས་ཐོན་བྱུང་ཡོད། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གིས“མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་ཚོང་ཚོགས་”ཀྱི་སྒོ་བྱང་ཕྱེས་པ་རེད།
          གསར་དུ་བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཀྲུང་དབྱང་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་ཚོར“ཕུགས་བསམ་ཆེན་པོ་ལྡན་དགོས་པ་དང་ཏན་ཏིག་གིས་བྱ་བ་སྒྲུབ་དགོས་པའི”གཏམ་བཤད་གནང་བ་དེ་ཡིད་ལ་བརྟན་པོར་ངེས་ནས་ལག་གདང་སྦྲེལ་ཏེ་མདུན་དུ་བསྐྱོད་ཅིང་། “ན་གཞོན་གསར་པས་བྱས་རྗེས་གསར་པ་འཇོག་དགོས”ཞེས་པ་ལྟེ་བའི་འདུ་ཤེས་སུ་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ཤིང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རྩེར་སོན་གྱི་ལང་ཚོའི་གྲུབ་འབྲས་འཇོག་དགོས་པ་དང་། ཞབས་ཞུའི་ཐོག་མའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་ཚོང་ཚོགས་ཀྱི་ནུས་པ་ཏན་ཏིག་གིས་འདོན་སྤེལ་བྱས་ཏེ་ན་གཞོན་གྱི་བློ་གྲོས་གཅིག་སྡུད་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་ཞིང་གསར་བ་ཞིག་འབུལ་དགོས་ཞེས་གསུངས།
          ཉིན་དེར། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་ཚོང་ཚོགས་དང་རྒྱལ་ཡོངས་ས་གནས་ཁག་གི་ན་གཞོན་ཚོང་ཚོགས་རྩ་འཛུགས་བར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་གླེང་སྟེགས་སྐབས་དང་པོ་གཉེར་བ་རེད།།
རྩོམ་སྒྲིག་པ། བདེ་སྒྲོལ།