ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཚོ་ཤར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཉའོ་ཁྲེང་ཡུན།

གཞན་ཡུལ་འགྲིམ་སྐབས་འབྲེལ་འདྲིས་གང་ཟབ་བྱེད། རང་ཡུལ་མ་བརྗེད་བརྩེ་སེམས་ཟབ་མོས་སྐྱོང་།

སྤེལ་དུས 2019-11-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          “མཚོ་ཤར་བས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་270ལྷག་ཙམ་དུ་འཐེན་ཐུག་ཁང་ཁྲི་2.72བཙུགས་པ་མ་ཟད། ས་ཐག་རིང་བའི་ཁ་ན་ཏ་དང་མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཏུ་འཐེན་ཐུག་ཁང་20ལྷག་ཙམ་བཙུགས་པ་དང་ལས་ཞུགས་པ་ཁྲི་17.3ཟིན་པ། འཐེན་ཐུག་ཐོན་ལས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་154ཟིན་པ། ཁེ་སྤོགས་སྒོར་དུང་ཕྱུར་41བྱུང་བ། ལས་ཞུགས་མཁན་གྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་42ཟིན་པ།
          ས་ཆ། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་མཚོ་སྔོན་མཚོ་ཤར་ནས་ཡིན་པའི་ཕྱོགས་མི་ཏང་ཡོན་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་ཏང་གི་སློབ་ཚན་འཚོག་ཡུལ།
          “ང་ཚོ་ཧྲང་ཧའེ་རུ་ཡོང་སྟེ་གཅིག་ནས་ཕ་ཡུལ་དང་ཁ་བྲལ་བའི་ཡུལ་མི་ཚོར་སེམས་ཁྲལ་བྱས་ཏེ་ཚང་མར་ལྟ་བར་ཡོང་བ་དང་། གཉིས་ནས་ཚང་མ་དང་མཉམ་དུ་སྤེལ་རེས་བྱས་ཏེ་མཚོ་ཤར་གྱི་འཕེལ་རྒྱས་སྐོར་གླེང་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐུན་མོང་ཐོག་ཚོར་ཤེས་དང་རྗེས་སུ་ད་དུང་འཐེན་ཐུག་ཁང་དུ་ཏང་ཡོན་སྦྱིན་བདག་གི་གཉེར་སྐྱོང་གནས་ཚུལ་ལ་ལྟ་བར་འགྲོ་རྒྱུ་ཡིན”ཞེས་ཉའོ་ཁྲེང་ཡུན་གྱིས་དེ་གར་ཡོད་པའི་མཚོ་ཤར་གྱི་ཕྱོགས་མི་ཏང་ཡོན་གྱི་འཐུས་མི་500ལྷག་ཙམ་གྱི་སེམས་ནང་དྲོ་སྐྱིད་ཚོར་ཐུབ་པའི་གཏམ་བཤད་བྱས།
          དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་། མཚོ་ཤར་དཔའ་ལུང་བས“གཞན་གྱི་སྔོན་དུ་སྒྲུབ་ཕོད་པའི”གསར་གཏོད་སྙིང་སྟོབས་ལ་བརྟེན་ནས་ཞ་མོན་དུ་འཐེན་ཐུག་ཁང་དང་པོ་དེ་བཙུགས་པ་ནས་བཟུང་། མཚོ་ཤར་བ་ཕྱོགས་བཞི་མཚམས་བརྒྱད་དུ་བསྐྱོད་དེ་འཐེན་ཐུག་ཁང་འཛུགས་འགོ་ཚུགས།
          “མཚོ་ཤར་བས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་270ལྷག་ཙམ་དུ་འཐེན་ཐུག་ཁང་ཁྲི་2.72བཙུགས་པ་མ་ཟད། ས་ཐག་རིང་བའི་ཁ་ན་ཏ་དང་མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཏུ་འཐེན་ཐུག་ཁང་20ལྷག་ཙམ་བཙུགས་པ་དང་ལས་ཞུགས་པ་ཁྲི་17.3ཟིན་པ། འཐེན་ཐུག་ཐོན་ལས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་154ཟིན་པ། ཁེ་སྤོགས་སྒོར་དུང་ཕྱུར་41བྱུང་བ། ལས་ཞུགས་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་42ཟིན་པ་བཅས་རེད”ཅེས་ཉའོ་ཁྲེང་ཡུན་གྱིས་ལྗིད་ཏིག་ཏིག་གི་གྲངས་གཞི་དེ་དག་གླེང་སྐབས་མི་རྣམས་ཧང་སངས།
          ཉའོ་ཁྲེང་ཡུན་གྱིས་ཕྱུག་འགྱུར་འཐེན་ཐུག་པ་འབོར་ཆེན་ཞིག་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དང་། ཕ་ཡུལ་དུ་བཟའ་བཏུང་ལས་རིགས་དང་ཚོང་དོན་འཁོར་རྒྱུག་སོགས་ཁྱབ་ཁོངས་སུ་ཞུགས་ཏེ་གྲོང་ཁྱེར་དེ་ཡོངས་དང་ཐ་ན་ཞིང་ཆེན་དེ་ཡོངས་ཀྱི་དབྱི་སི་ལམ་བཟའ་བཏུང་ལས་རིགས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་དུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ཡོད་ཅེས་བཤད་པ་རེད།
          “ཐེན་ཅིན་གྱི་མེ་སྐྱོན་ཁྲོད་མཚོ་ཤར་བས་གནོད་འཚེ་ཕོག་པའི་མི་སེར་ལ་འཐེན་ཐུག་སྔ་ཤོས་བསྐྱལ་ནས་མཚོ་ཤར་བའི་སེམས་རྩ་འཁོལ་བ་དང་། བབ་ཆགས་པ། སེམས་རྒྱུད་བཟང་བ་བཅས་ཀྱི་རང་གཤིས་མངོན་པ་དང་། ཁོར་ཡུག་སྲུང་སྐྱོང་བཟོ་པ་དང་རྒན་གསོ་ཁང་དུ་འཐེན་ཐུག་ཚ་སོབ་སོབ་བསྐྱལ་ཡོད”ཅེས་ཉའོ་ཁྲེང་ཡུན་གྱིས་མཚོ་ཤར་བའི་འཐེན་ཐུག་བ་ཚོར་ལྷག་བསམ་ཟོལ་མེད་ཀྱི་བསྔགས་བརྗོད་བྱས་པར་དེ་གར་ཡོད་པའི་ཏང་ཡོན་ཚོར་སྙིང་དབུས་ནས་སྤོབས་སེམས་ཆེན་པོ་སྐྱེས།
          འཐེན་ཐུག་ཐོན་ལས་ནི་མཚོ་ཤར་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཀ་རྟེན་ཐོན་ལས་ཡིན་ཞིང་། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིགས་ཁག་གི་རོགས་སྐྱོར་སྲིད་ཇུས་བཟོས་ཏེ་བཏོན་པ་དང་རིམ་པ་ཁག་གི་ནོར་སྲིད་མ་དངུལ་བསྡུ་སྒྲིལ་དང་། རིགས་ཁག་གི་དངུལ་བུན་དོན་འཁྱོལ་བྱས་ཡོད། ཏང་གི་སློབ་ཚན་དེའི་ཐོག་མཚོ་ཤར་ཕྱོགས་ནས་ཆེད་མངགས་འཐེན་ཐུག་བ་ཚོར་དངུལ་ཁང་ཆེ་ཁག་གི་གཙོ་གཉེར་བ་དང་བཅའ་ཁྲིམས་བློ་འདྲི་བ་གདན་དྲངས་ཡོད།
          དེ་སྔ་དམར་གཙང་རྫོང་ཁྲོན་ཁུག་གྲོང་རྡལ་ནན་ཧྲན་གྲོང་ཚོའི་ཀྲུའུ་རེན་བྱེད་མྱོང་བའི་མཱ་དབྱིང་གིས་ལོ་12གོང་དུ་ཕ་ཡུལ་ནས་ཁ་བྲལ་ཏེ་ལས་གཏོད་བྱས་པ་དང་། ད་ཆ་ཕྱོགས་མི་ཏང་ཀྲི་པུའི་ཧྲུའུ་ཅིར་གྱུར་ཡོད། “སྲིད་གཞུང་གིས་ངེད་ཚོ་འཐེན་ཐུག་བ་ཚོར་མཐོང་ཇེ་ཆེར་གཏོང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་སྣ་ཚོགས་བྱེད་ཀྱི་ཡོད་པས། ང་ཚོས་ཕྱི་ཕྱོགས་སུ་ལས་གཏོད་བྱེད་པར་ཡིད་ཆེས་དང་གཏིང་ཤུགས་ཡོད། ཏང་ཡོན་ཞིག་གི་ངོས་ནས་དེ་བས་འགན་འཁྲི་ཁུར་དགོས”ཞེས་ཧྲུའུ་ཅི་ཉའོ་ལགས་ཀྱི་ལག་ནས་བཟུང་སྟེ་ལོ་58ལ་སླེབས་པའི་མཱ་དབྱིང་གིས་སེམས་འགུལ་ཐེབས་བཞིན་བཤད།
          “ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པའི་སྙིང་རུས་ཅན་ཞིག་བྱེད་པ་དང་། རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རིང་སྣེ་ཁྲིད་འཇོན་ཐང་ཅན་འདང་གི་མེད། འཐེན་ཐུག་བ་ཚོ་ཕྱོགས་བཞི་མཚམས་བརྒྱད་དུ་བསྐྱོད་མྱོང་བས། མཐོང་རྒྱ་དང་ཐོས་རྒྱ་ཆེ་ལ་འཇོན་ཐང་ལྡན་པ་དང་བློ་གཤོག་ཆེ་སྟབས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཕ་ཡུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱིམ་ཚང་ཕྱུག་པོ་ཆགས་པར་བྱེད་དགོས་པ་དང་། ལྷག་པར་དུ་ཏང་ཡོན་བློ་མཐུན་ཚོས་ཕ་ཡུལ་གྱི་དྲིན་ལན་འཇལ་རྒྱུ་དེ་འགན་འཁྲི་དང་ལས་འགན་ཞིག་ཏུ་བརྩི་དགོས”ཞེས་ཉའོ་ཁྲེང་ཡུན་གྱིས་སེམས་བཟང་ཚིག་ནན་གྱི་སྒོ་ནས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།