ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་དུ་རྒྱལ་ཁབ་རིམ་པའི་བྱེ་ཐང་སྤྱི་གླིང12ཡོད་པ།

སྤེལ་དུས 2019-11-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
              གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔའི་ཚན་བཅུ་གསུམ་པ”ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགོག་བྱེ་བཅོས་ཀྱི་དམིགས་ཚད་འགན་འཁྲི་ལག་བསྟར་བྱས་ཏེ་འགོག་བཅོས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་བྱེ་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་ཀྱི་ཐོག་མའི་སྲུང་ཡོལ་བསྐྲུན་ཚར་ཡོད་པ་རེད། མིག་སྔར་ཞིང་ཆེན་ཡོངས་སུ་མཆན་འགོད་བཀའ་ལན་ཐོབ་པའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང12ཡོད་པ་དང་ས་གནས་ཁག་གི་འཆར་འགོད་གཞིར་བཟུང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
              མིག་སྔའི་བར་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང12ཡོད་པ་དེ་དག་ནི་ཀོས་ནན་བྱེ་སྣ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དང་། ཏུའུ་ལན་ཐེ་ཁུའེ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ཝུའུ་ལན་ཅིན་ཙི་ཧའེ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། མང་བྲག་སངས་རྒྱས་སྟོང་སྐུའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ཧའེ་ཡན་ཁེ་ཐུའུ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ཆུ་དམར་ལེབ་འབྲི་ཆུ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ཝུའུ་ལན་ཆུ་ཁུག་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། རྩེ་ཁོག་ཧོར་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། གོར་མོ་ཐོ་ལ་ཧེ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ལེང་ཧུའུ་ཡ་ཏན་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། རྨ་ཆེན་དབྱིག་གཞུང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ཀོས་ནན་ཀླུ་ཚང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་བཅས་རེད། དེའི་ནང་རྒྱ་ཁྱོན་ཆེ་ཤོས་ནི་ཏུའུ་ལན་ཐེ་ཁུའེ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ཆིང13562ཟིན་ཡོད། བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་རང་ཞིང་གི་བྱེ་ཐང་རང་བྱུང་མཛེས་ལྗོངས་དང་དེ་བཞིན་ནགས་རྩྭ་སྔོ་ཁེབས་སྲུང་སྐྱོང་ལས་དོན་ལ་སྐུལ་མ་ཐེབས་ནས་སྤྱི་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་དམངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།