ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཉེན་རྟོག་དམག་དཔུང་སི་ཁྲོན་སྤྱི་ཁྱབ་བཀོད་འདོམས་རུ་ཁག་གཉིས་པས་སྙན་ལུང་སློབ་ཆུང་གི་གཞི་རྩའི་ཆ་རྐྱེན་ལེགས་བཅོས་གཏོང་རོགས་བྱས།

སྤེལ་དུས 2019-11-13 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

          ཉེ་ཆར། ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧུའོ་པིའོ་ཡིས་ཕེབས་རོགས་འོག དྲག་ཆས་ཉེན་རྟོག་དམག་དཔུང་སི་ཁྲོན་སྤྱི་ཁྱབ་བཀོད་འདོམས་རུ་ཁག་གཉིས་པའི་ཆབ་སྲིད་ཨུ་ཡོན་ཁྲིན་ཐའོ་ཡིས་འབྲེལ་ཡོད་མི་སྣ་ཁྲིད་ནས་སྙན་ལུང་ཡུལ་ཤོག་ཏུ་རོགས་སྐྱོར་འཚམས་འདྲི་གནང་བའི་བྱེད་སྒོ་སྤེལ་བ་རེད།
          སྙན་ལུང་ཡུལ་ཤོག་ནི་ཞིང་ཆེན་གཉིས་དང་ཁུལ་གསུམ་གྱི་ས་མཚམས་སུ་ཆགས་ཡོད་པས་གསེར་ཐར་རྫོང་གི་ཧ་ཅང་དབུལ་ཕོངས་ཀྱི་ཡུལ་ཤོག་གི་གྲས་ཤིག་ཡིན་ལ། ཐུམ་འབུའི་ནད་དང་གློ་གཅོང་གི་ནད་ཡམས་ཁྱབ་ཚད་ཆེ་ཤོས་ཀྱི་ཡུལ་གྲུ་ཞིག་ཀྱང་ཡིན་པ་རེད།
          ཉིན་དེར་ཁོ་ཚོའི་འཚམས་འདྲི་ཞུས་སའི་སྒར་ཚུགས་དང་པོ་ནི་སྙན་ལུང་ཡུལ་ཚོའི་རི་གསར་མ་སྡེ་བ་དང་པོའི་ལྔ་སྐྱོབ་དུད་ཚང་འཚམས་ལོ་ཚང་ཡིན་ཞིང་། ད་ལོར་ལོ་ན67ལ་སོན་པའི་ཁོ་ མོའི་ལུས་ཟུངས་ཞན་པས་མ་ཚད་བུ་མོ་ཕ་ལམ་ཀྱི་ སེམས་ཁམས་ཀྱང་རྒྱུན་ལྡན་མིན་པས་ངལ་རྩོལ་ ནུས་པ་ཤོར་བ་རེད། ཁོ་མ་སྨད་གཉིས་ཀ་ཏང་དང་སྲིད་གཞུང་གི་རོགས་སྐྱོར་སྣ་ཚོགས་ལ་བརྟེན་ནས་འཚོ་བ་མི་རོལ་ཐབས་མེད་བྱུང་། ད་ལོའི་སྤྱི་ཟླ6པར། དྲག་ཆས་ཉེན་རྟོག་དམག་དཔུང་སི་ཁྲོན་སྤྱི་ཁྱབ་བཀོད་འདོམས་རུ་ཁག་གཉིས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི10བྱིན་ནས་ཁོ་ཚང་ལ་སྡོད་ཁང་འཛུགས་སྐྲུན་བྱས་པ་རེད། ཁྲིན་ཐའོ་ཡིས་འཚམས་ལོ་ཚང་གི་གནས་ཚུལ་རྒྱུས་ལོན་བྱས་ནས་ཟས་གོས་དང་། ཆུ་དང་གློག བརྙན་འཕྲིན། ཁྱིམ་ཆས་སོགས་མཁོ་དགུ་སྣ་འཛོམས་ཡིན་པའི་རྣམ་པ་མཐོང་རྗེས་སེམས་སུ་སྤྲོ་བ་རབ་ཏུ་འཕེལ་ནས། ཁོང་གིས་ཁྲ་ལོ་ལ་ལུས་ཟུངས་བདག་སྐྱོང་བྱ་དགོས་པ་དང་དབུལ་ཐར་གྱི་ཆོད་སེམས་བརྟན་དགོས་པའི་བཅོལ་གདམ་གནང་བ་དང་། དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་བྱེད་པའི་སྙིང་སྟོབས་ལྡན་དགོས་ལ། བརྩོན་ལྡན་ཡར་སྐུལ་གྱི་འཚོ་བའི་རྣམ་འགྱུར་ཡོད་དགོས། ཏང་གི་དབུལ་སྐྱོར་སྲིད་ཇུས་སྲུང་སྐྱོང་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཏང་དང་འགྲོགས་ཚེ་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་ཡོང་ཐུབ་ངེས་རེད་ཅེས་གསུངས་པ་རེད།
          སྙན་ལུང་ཡུལ་ཤོག་གི་ལྟེ་གནས་སློབ་ཆུང་ལ་འཚོ་བའི་ཆ་རྐྱེན་ཞན་པས། གོས་འཁྲུད་ཆས་དང་ཆུ་སྐོལ་བྱེད་ཀྱི་སྒྲིག་ཆས་ཀྱང་མེད། དེའི་ཁར་དགུན་ཁའི་གྲང་ངར་ཆེ་དུས་སློབ་མ་དག་གི་གོན་པ་བཀྲུ་བར་དཀའ་ཁག་ཧ་ཅང་ཆེན་པོ་ཡོད་པ་རེད། ད་ལོའི་སྤྱི་ཟླ6པར། དྲག་ཆས་ཉེན་རྟོག་དམག་དཔུང་སི་ཁྲོན་སྤྱི་ཁྱབ་བཀོད་འདོམས་རུ་ཁག་གཉིས་པས་མ་དངུལ་སྒོར་ཁྲི18བཏང་ནས་སྙན་ལུང་ཡུལ་ཤོག་གི་ལྟེ་གནས་སློབ་ཆུང་ལ་གོས་འཁྲུད་ཁང་དང་ཁ་ལག་བཀྲུ་ས་བཅས་འཛུགས་སྐྲུན་བྱས་ཡོད། སློབ་གྲྭ་ཚད་ལྡན་རང་བཞིན་དུ་འཛུགས་སྐྲུན་བྱས་ནས་གོས་འཁྲུད་ཆས་དང་ཁ་ལག་བཀྲུ་ས་ཡོད་པ་དང་དུས་ནམ་ཞིག་ཡིན་རུང་ཆུ་དྲོན་པོ་མཁོ་འདོན་ཐུབ་པས་བྱིས་པ་དག་གི་ འཚོ་བར་སྟབས་བདེ་བསྐྲུན་པར་མ་ཟད་ཐུམ་འབུའི་ནད་དང་གློ་གཅོང་སོགས་ནད་ཡམས་སྔོན་འགོག་གི་བྱེད་ནུས་ཀྱང་ཇེ་དྲག་ཏུ་ཕྱིན་ཡོད་པ་རེད། ཁྲིན་ཐའོ་ཡིས་སྙན་ལུང་ཡུལ་ཤོག་གི་ལྟེ་གནས་སློབ་ཆུང་དུ་སློབ་མའི་ཉལ་ཁང་དང་སློབ་ཁྲིད་ཐོག་ཁང་། གོས་འཁྲུད་ཁང་། སློབ་མའི་འཚོ་བ། སློབ་སྦྱོང་གི་གནས་ཚུལ་སོགས་ལ་རྒྱུས་ལོན་གཏིང་ཟབ་གནང་བར་མ་ཟད། སློབ་མ་རྣམས་ལ་སློབ་སྦྱོང་ཡར་ཐོན་དང་སྐྱོན་བྲལ་ངང་འཚར་ལོངས་འབྱུང་དགོས་ཞེས་སྐུལ་མ་བཏང་ནས་ནར་སོན་རྗེས་སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུའི་སྐུལ་མ་བཏང་བ་རེད།།
རྩོམ་སྒྲིག་པ། བདེ་སྒྲོལ།