སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པ་དང་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་མང་ཚོགས་ཕན་ཚུན་ངོ་འཕྲད་དེ་བགྲོ་གླེང་བྱས།
སྤེལ་དུས 2019-11-14
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་12ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཀྲུང་དབྱང་སྒྲོག་བཤད་ཚོགས་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོ་ཨུ་ལྷན་དང་གཞི་རིམ་མང་ཚོགས་བར་ཕན་ཚུན་ངོ་འཕྲད་དེ་བགྲོ་གླེང་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུར་སྐུལ་འདེད་གནང་བ་རེད།
འབྲེལ་འདྲིས་སྤེལ་རེས་ཀྱི་ཡུལ་དངོས།
འབྲེལ་འདྲིས་སྤེལ་རེས་ཀྱི་ཡུལ་དངོས།
“སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་དྲ་རྒྱ་དང་བརྙན་འཕྲིན། ཚགས་པར་སོགས་ཀྱི་རྣམ་པ་ཅི་རིགས་བརྒྱུད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་ཉན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་སློབ་སྦྱོང་ནན་ཏན་བྱས་པས། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་དར་དམར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་མས་དེ་སྐད་བཤད།
སྤེལ་རེས་ཚོགས་འདུའི་ཐོག ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། དེ་བཞིན་ཏང་འཛུགས་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད། སྤྱི་ཚོགས་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་གསན་པ་དང་། དེ་དང་ཆབས་ཅིག་ཀྲུང་དབྱང་སྒྲོག་བཤད་ཚོགས་པའིཁོངས་མི། དམངས་སྲིད་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི། པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཧྥུའུ་ཡིས་གཞི་རིམ་ལས་བྱེད་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་། ལས་ཞུགས། དབུལ་ཐར་འགག་སྒྲོལ་སྲ་བརྟན་དུ་གཏོང་བ། གཞི་རིམ་སྒྲོག་འགྲེལ་ལས་དོན་ཇི་ལྟར་ཡག་པོ་སྒྲུབ་པ་སོགས་ཀྱི་གནད་དོན་ཐད་དབང་གྲགས་ལྡན་པའི་འགྲེལ་བཤད་དང་མཉམ་འགུལ་སྤེལ་རེས་གནང་བ་རེད།
ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་ཉི་མ་མཚམས་གཅོད་ཀྱིས་“སྡེ་ཁུལ་འཛུགས་སྐྲུན་ལས་དོན་ནི་དུས་ཡུན་རིང་ཞིང་། མ་ལག་ལྡན་ལ་ཞིབ་ཚགས་ཅན་གྱི་ལས་དོན་ཞིག་ཡིན་པས། ང་ཚོས་མ་འོངས་པར་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལམ་ལུགས་འཛུགས་སྐྲུན་་སྐོར་དང་འབྲེལ་བའི་ནང་དོན་གལ་ཆེན་དག་བསམ་བློའི་སྣེ་ཁྲིད་དུ་བྱས་ཏེ། འཆར་གཞི་ཞིབ་ལ་ཕུགས་བསམ་རིང་བ་དང་། སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ། གནས་ཚུལ་དངོས་གསལ་རྟོགས་བྱེད་པ་བཅས་བྱས་ནས། སྡེ་ཁུལ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཚད་གཞི་སྔར་ལས་འགན་ལེན་གང་ལེགས་གནང་ངེས་ཡིན”ཅེས་དེ་སྐད་བརྗོད་བྱུང་།
“སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ལམ་ལུགས་ཇུས་འགོད་ཐད་ནས་ཀྲུང་གོ་བཅོས་སྐྱོང་གི་རྣམ་པ་བཏོན་པས། ང་ཚོའི་སེམས་སུའང་སླད་ཕྱིན་གྱི་འཕེལ་རྒྱས་འཆར་འགོད་ལ་གདེང་ཚོད་ཡོད་པར་གྱུར་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་སྔར་ལས་གསལ་བོ་ཞིག་བྱུང་ལ། འཕེལ་རྒྱས་ཀྱི་དམིགས་ཚད་སྔར་བས་གསལ་བོར་བྱུང་ཡོད། གྲོང་ཚོ་ཞིག་འཕེལ་རྒྱས་འགྲོ་དགོས་ན་ལམ་ལུགས་ཀྱི་འགན་ལེན་དང་ཁ་འབྲལ་ཐབས་མེད། གྲོང་ཚོའི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དང་ཁ་འབྲལ་ཐབས་མེད།” དར་དམར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་མས་བཤད་རྒྱུར། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“མངོན་གསལ་དོད་པའི་དགེ་མཚན་བཅུ་གསུམ”དང“སྤྱིའི་དམིགས་ཚད་གཅིག” “མཐའ་འཁྱོངས་དང་འཐུས་ཚང་བཅུ་གསུམ”བཅས་ཀྱིས་སླད་ཕྱིན་ངས་ལས་དོན་སྔར་ལས་ལེགས་པའི་སྒོ་ནས་སྤེལ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞོགས་འདེགས་དང་གལ་ཆེན་གྱི་ལམ་སྟོན་གནང་ཡོད་ཅེས་གསུངས་བྱུང་།