ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

2019ལོའི་སི་ཁྲོན་གྱི་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་ཆེན་དང་ཆུ་ཆེན་གྱི་གནའ་བོའི་ཆང་བཱ་ལིའི་སྡོང་བོའི་ལོ་མ་དམར་པོའི་དུས་ཆེན་འགོ་ཚུགས་པ།

སྤེལ་དུས 2019-11-15 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ལོ་མ་དམར་པོའི་སིལ་སྡོང་ཁྲི་ཕྲག་གིས། རྒྱལ་མོ་རྔུལ་ཆུའི་རི་ཀླུང་ཀུན་ཏུ་བརྒྱན། ཟླ་11ཚེས་12ཉིན། 2019ལོའི་སི་ཁྲོན་ལོ་མ་དམར་པོ་སྣོད་བཅུད་ཡུལ་སྐོར་དུས་ཆེན་དང་ཆུ་ཆེན་གྱི་གནའ་བོའི་ཆང་བཱ་ལིའི་སྡོང་བོའི་ལོ་མ་དམར་པོའི་དུས་ཆེན་ནི་ཆུ་ཆེན་རྫོང་གསལ་ཤང་གི་མཛེས་ལྗོངས་ཁུལ་དུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ“ཚོན་མདངས་རྣམ་པར་བཀྲ་བའི་ཆུ་ཆེན”དང་། “གླུ་གར་གྱི་རྒྱ་མཚོ”“མི་རིགས་མཐུན་སྒྲིལ་ཆེན་མོ”བཅས་ལེའུ་གསུམ་ལ་ཕྱེ་ཡོད། གདོད་མའི་རྣམ་པའི་གླུ་གར་འཁྲབ་སྟོན་དང་དམངས་སྲོལ་འགྲེམས་འཁྲབ་རེ་རེ་ནི་ལྟད་མོ་ཆེ་བས། ཡུལ་དངོས་ཀྱི་ཡུལ་སྐོར་བ་དང་སྐུ་མགྲོན་གྱི་དགའ་བསུ་ཐོབ་ཡོད། གཞན་ཡང་བྱེད་སྒོ་སྤེལ་ཡུལ་གྱི་པར་རིས་བརྩམས་ཆོས་འགྲེམས་སྟོན་དང་རྫོང་ཡོངས་ཀྱི་ཞིང་ལས་དང་ཞོར་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དེའང་ཕྱོགས་ཁག་གི་ཡུལ་སྐོར་བ་དང་སྐུ་མགྲོན་ཚོས་དོ་ཁུར་བྱེད་པའི་གནས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས“མེ་ཏོག་གཅིག་དང་ལོ་མ་གཅིག”གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས“ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་དང་། བཟོ་ལས་དང་ཡུལ་སྐོར་མཉམ་འགུལ། རིག་གནས་དང་ཡུལ་སྐོར་མཉམ་སྐུལ། ནགས་ལས་དང་ཡུལ་སྐོར་མཉམ་སྐྱོད”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས། “ཁྱམས་གཉིས་ལྟེ་གསུམ་ཁུལ་བཞི”ཡི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་གསར་པ་ཧུར་ཐག་ངང་བཏོད་པས་ཆང་བཱ་ལིའི་མེ་ཏོག་གི་དུས་ཆེན་དང་ལོ་མ་དམར་པོའི་དུས་ཆེན་དེ་རིམ་གྱིས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ཡུལ་སྐོར་དུས་ཆེན་དུ་གྱུར་ཡོད། ཆུ་ཆེན་ཡུལ་སྐོར་གྱི་སྐད་གྲགས་དང་མཚན་སྙན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་འགུག་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པས། ཆུ་ཆེན་གྱི་ཡུལ་སྐོར་དཔལ་འབྱོར་ལ་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་བཞིན་ཡོད་དོ༎
རྩོམ་སྒྲིག་པ། སངས་སྐྱབས།