2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ།

སྤེལ་དུས 2019-12-13 ཡོང་ཁུངས། རྩོམ་པ་པོ།



          ད་ལོའི་བར། མཚོ་སྔོན་ཞིང་ཆེན་གྱིས་ལོ་གསུམ་རིང་གྲོང་གསེབ་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་འཆར་གཞི་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཚོད་ལྟ་ཁུལ་ཁྱོན་ཡོངས་ལ་ཁྱབ་པའི་སྤྱིའི་བླང་བྱ་གཞིར་བཟུང་། མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་རྒྱུ་ཁ་ཕྱོགས་སུ་བཟུང་ནས། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་དང་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་བཅས་འགག་སྒྲོལ་གྱི་ཁ་ཕྱོགས་གཙོ་བོར་བྱེད་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་པས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།



          ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། བཅོས་སྒྲིག་ཁྱབ་ཁོངས་ཇེ་ཆེར་གཏོང་བ་དང་ཚད་གཞི་རིམ་སྤོར་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་པ། གྲོང་གསེབ་ཀྱི་གཞུང་ལམ་དང་། དམངས་ཕན་ཟམ་པ། བཙོག་ཆུ་གཙང་བཅོས་སོགས་ཀྱི་ལས་གྲྭར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག གྲོང་ཚོ་500རུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་བཀོད་སྒྲིག་བྱས་པ་དང་། དག་ཐེར་བཅོས་སྐྱོང་བྱས་པའི་རྫོང14ལ་ཚད་གཞི་རིམ་སྤོར་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་གྲོང་ཚོ་དང་འབྲོག་དམངས་སྡོད་གནས4015ལ་དག་ཐེར་བཅོས་སྐྱོང་བྱས་པ་དེས་སྤྱི་འབོར་གྱི་བརྒྱ་ཆའི90ཡན་ཟིན་ནས། གྲོང་ཁྱེར་དང་ཁུལ6ལ་ཁྱབ་ཡོད་པ་རེད།



          དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་གྲོང་ཚོ་21གི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱས་པ་དང་འབྲེལ་ཡུལ་བབ་དང་བསྟུན་ནས་ལུགས་མཐུན་སྒོས་གད་སྙིགས་རིགས་དབྱེ་དང་། བསྡུ་རུབ། སྐྱེལ་འདྲེན་དང་མཐའ་མཇུག་གི་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་ཉུང་གཏོང་དང་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། འཚོ་བའི་གད་སྙིགས་གཙང་སེལ་ལག་རྩལ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་རྐང་ཚ་རྫོང་དང་རྫ་སྟོད་རྫོང་སོགསུ་ཀྱི་ཚོད་ལྟའི་རྣམ་གྲངས་8སྔ་རྗེས་སུ་གྲུབ་ནས་གཉེར་སྐྱོང་ཚོད་ལྟ་བྱས་པ་རེད། དེ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་སྨན་དང་ཞིང་སྨན། ལུད་རྫས་ཕྱོགས་བསྡུས་བེད་སྤྱོད་བཏང་ནས། རྫོང25ལ་ལྗང་མདོག་སྲུང་སྐྱོབ་ཁུལ་བཙུགས་ཏེ་ཞིང་སྨན་བཀོལ་སྤྱོད་ལ་ཚད་བཀག་བྱས་པ་རེད།



          དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གསར་འཛུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་1དང་། ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཤང་གྲོང་25། དཔེ་སྟོན་གྲོང་ཚོ་281བཅས་ལ་མིང་བཏགས་པ་དང་ཁྲི་ཀ་རྫོང་ལ་སྐོར་བཞི་པའི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཞེས་མིང་བཏགས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱིས་ཞིང་ཆེན་རིམ་པའི་ལྗང་མདོག་སློབ་གྲྭ་དང་། ལྗང་མདོག་སྡེ་ཁུལ། ཁོར་ཡུག་སློབ་གསོའི་རྟེན་གཞི་30གསར་དུ་བཙུགས་ཡོད། །



རྩོམ་སྒྲིག་པ། བདེ་སྒྲོལ།