དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱིས“འཐབ་ཇུས་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2020-01-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན་པས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་ཐར་འགག་སྒྲོལ་དང་། ཁྲིམས་ལྟར་ཁུལ་སྐྱོང་བ། ཐོན་ལས་དམངས་ཕྱུག འགྲིམ་འགྲུལ་སྔོན་ཐོན། གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་“འཐབ་ཇུས་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་ཐར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས།
          “དགུན་ཁར(དཔྱིད་ཀར)དཀར་མཛེས་སུ་ཡུལ་སྐོར་དུ་སྐྱོད་པ—དྭངས་གཙང་དཀར་མཛེས་ཀྱིས་ཁྱེད་རང་ལོ་གསར་ལ་རོལ་དུ་ཕེབས་པར་དགའ་བསུ་ཞུ་”ཞེས། ཟླ1པོའི་ཚེས8ཉིན་དཀར་མཛེས་ཁུལ་གྱི་དགུན་དཔྱིད་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཚོགས་འདུའི་སྟེང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་ཀྱི་དུས་ཆེན་གྱི་བྱེད་སྒོ་ཁག་80ལྷག་ཙམ་དང་དེ་བཞིན་ཆང་ཁང་དང་། གནམ་གྲུའི་སྤ་སེ། མཛེས་ལྗོངས་ཁུལ་གྱི་སྒོ་བྱང་འཛིན་ཡིག་སོགས་ཀྱི་རིན་གོང་ཕབ་གཅོག་མང་པོ་བྱས་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
          ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་དཀར་མཛེས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། 2019ལོར་དཀར་མཛེས་ཁུལ་གྱིས་གྲོང་གསེབ་དར་རྒྱས་དང་དབུལ་ཐར་འགག་སྒྲོལ་སྦྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁུལ་ཨུའི“ཡིག་ཆ་ཨང་དང་པོ”བཏོན་ནས“1+6+N”ཡི་གྲོང་གསེབ་དར་རྒྱས་འཆར་འགོད་མ་ལག་འཛུགས་སྐྱོང་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས།
          ཉེ་ཆར་འཚོགས་པའི་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་དབུལ་ཐར་འགག་སྒྲོལ་དང་། ཁྲིམས་ལྟར་ཁུལ་སྐྱོང་བ། ཐོན་ལས་དམངས་ཕྱུག འགྲིམ་འགྲུལ་སྔོན་ཐོན། གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་“འཐབ་ཇུས་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་ནས། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ངེས་གནས་ལ་གཞི་བཙུགས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དཀར་མཛེས་ཁུལ་གསར་འཛུགས་སྐྲུན་དང་ཁང་ལུའུ་ཤིན་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐས་རིམ་བཞིན་སྐུལ་འདེད་གཏོང་དགོས་པར་བསྟན།    །
རྩོམ་སྒྲིག་པ། བདེ་སྒྲོལ།