དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ལི་ཁེ་ཆང་གིས་ཟི་ལིང་གི་སྨན་བཅོས་མི་སྣར་གཟིགས་ཞིབ་གནང་བ།

སྤེལ་དུས 2020-01-22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         ཟླ1པོའི་ཚེས21ཉིན། ཙུང་ལི་ལི་ཁེ་ཆང་མཚོ་སྔོན་རྒྱ་གྲམ་དམར་པོ་རྟགས་ཅན་གྱི་སྨན་ཁང་དུ་ཕེབས་ནས་སྨན་བཅོས་མི་སྣར་བཤད་རྒྱུར། ཁྱེད་ཚོ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱེད་མཁན་ཡིན་པ་དང་། སྲོག་སྐྱོབ་རྨས་སྐྱོང་བྱ་རྒྱུ་ནི་ཁྱེད་ཚོའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད། ཏོག་དབྱིབས་ནད་དུག་གསར་པ་འགོས་བའི་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ནད་དཔེ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ངེས་པར་དུ་དུས་ཐོག་ཏུ་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་མཆེད་པ་བཀག་འགོག་བྱ་དགོས། སྨན་བཅོས་མི་སྣ་འཐབ་ཕྱོགས་དང་པོར་གནས་ཡོད་པས་ཁྱེད་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་ནད་པར་སྐྱོབ་བཅོས་ཡག་པོ་བྱེད་དགོས་ལ་རང་གིས་རང་ལའང་འགོག་སྲུང་ཡག་པོ་བྱེད་དགོས། མིག་སྔར་དཔྱིད་གསར་སྐྱེལ་འདྲེན་རིང་དུ་ཁེལ་ཞིང་། མི་སྣ་མང་པོ་འགྲོ་འོང་བྱེད་བཞིན་ཡོད་པས། རིམས་ནད་ཐོན་ཚད་མང་བའི་གྲོང་ཁྱེར་ལ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུའང་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་ནི་ཅུང་ཐག་རིང་ལུང་ཁུག་ཏུ་གནས་ཀྱང་ཉེན་ཁའི་འདུ་ཤེས་ཇེ་ཆེར་བཏང་ནས་སྒྲུབ་འོས་པའི་ལས་དོན་སྔོན་ལ་སྒྲུབ་དགོས། ཉིན་ཁ་ཤས་སོང་རྗེས་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས། སྐབས་དེར་ཁྱེད་ཚོའི་ནང་གི་མི་མང་པོ་ཞིག་ད་དུང་འདི་གར་ལས་རེས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་པས། ཁྱེད་ཚོས་དཀའ་ལས་མྱོང་སོང་ཟེར།

ལི་ཁེ་ཆང་གིས་གྲང་ངར་ཆེ་བའི་དགུན་དུས་སུ་མཚོ་སྔོན་གྱི་ས་མཐོའི་ནད་པར་འཚམ་འདྲི་གནང་བ།


         ཟླ1པོའི་ཚེས21ཉིན་ལི་ཁེ་ཆང་གིས་ཟི་ལིང་དུ་རྟོག་ཞིབ་གནང་སྐབས་ཆེད་དུ་མཚོ་སྔོན་རྒྱ་གྲམ་དམར་པོ་རྟགས་ཅན་གྱི་སྨན་ཁང་དུ་ཕེབས་ནས་ས་མཐོའི་ནད་པར་འཚམ་འདྲི་གནང་བ་རེད། ནད་ཁྲིའི་མདུན་དུ་ཙུང་ལིས་ནད་པའི་སྨན་བཅོས་དང་ལུས་གསོའི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ཁྱེད་ཚོ་མགྱོགས་མྱུར་ངང་དྲག་སྐྱེད་ཡོང་ནས་བདེ་ཐང་དུ་འགྱུར་ངེས་ཡིན་ཞེས་སེམས་གསོ་གནང་། ལི་ཁེ་ཆང་གིས་སྨན་ཁང་གི་འགན་ཁུར་བར་བཤད་རྒྱུར། ད་ལྟ་གྲང་ངར་ཆེ་བའི་དགུན་དུས་སུ་སླེབས་ཡོད། མཐོ་སྒང་གི་ནད་སློང་ཚད་མཐོ་བའི་དུས་སུ་ཁེལ་ཡོད། མཐོ་སྒང་གི་ནད་འདིའང་གནས་འདིའི་གཙོ་གནད་འགོག་བཅོས་བྱེད་པའི་ནད་རིགས་ཤིག་ཡིན་པས། ཁྱེད་ཚོས་སྨན་བཅོས་ཀྱི་ཉམས་མྱོང་རྒྱུན་ཆད་མེད་པར་གསོག་འཇོག་བྱས་ཏེ་ས་མཐོའི་མཐོ་གྲང་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་དེ་བས་ལེགས་པོ་བྱེད་དགོས་ཞེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།