དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དེ་རིང་ནས་བསྐྱར་དུ་སྒོ་ཕྱེས་པ།

སྤེལ་དུས 2020-02-28 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
         ཟླ་2ཚེས་25ཉིན《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་རིམ་དབྱེ་གནད་སྨིན་ཇུས་འདོན་ལས་དོན་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཐོ》ཡི་དགོངས་དོན་ལ་གཞིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལེགས་སྒྲུབ་གཅིག་གྱུར་བྱེད་པ་དང་།  དོན་དངོས་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་བསྐྱར་དུ་སྒོ་འབྱེད་པའི་སྐོར་གྱི་སྤྱི་བསྒྲགས་སྤེལ་ཏེ། ཟླ་2ཚེས་26ཉིན་ནས་བཟུང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་བསྐྱར་དུ་སྒོ་འབྱེད་རྒྱུ་དང་། ཉིན་རེའི་སྒོ་འབྱེད་དུས་ཚོད་8:00ནས་16:00བར་ཡིན་པ་དང་། སླར་གསོ་བྱས་པའི་གཉེར་སྐྱོང་ཁྱབ་ཁོངས་ནི་མཚོ་སྔོན་པོའི་གླང་ཆེན་མཆེ་བ་ལྗོངས་ཁུལ་དང་། མཚོ་སྔོན་པོའི་མགྲོན་ཁང་། མཛེས་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་ས་བཅས་ཡིན། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་འགྲུལ་བཞུད་ཀྱི་ཚད་ནི་མཛེས་ལྗོངས་ཁུལ་གྱི་ཉིན་རེའི་ཐེག་ཚད་ཀྱི་10%ལས་བརྒལ་མི་རུང་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ལེགས་སྒྲིག་བྱ་རྒྱུ་ཡིན། 
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཚོགས་པ་དང་རང་དགར་ཡུལ་སྐོར་བ་ཀུན་ལ་དྲ་ཐོག་ནས་འཛིན་བྱང་སྔོན་མངགས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཡོད་པ་དང་། འཛིན་བྱང་ཉོ་སྐབས་བླང་བྱ་ལྟར་“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལམ་ཐིག་འདྲི་རྩད་ལས་རོགས”ཀྱི་རྩ་གཉིས་ཨང་རྟགས་དང“ཡིད་རྟོན་མཚོ་སྔོན”གྱི་བདེ་ཐང་ཨང་རྟགས་བཤར་འབེབས་བྱ་དགོས་པ་དང་། བཤར་འབེབས་བྱས་འབྲས་ཐོན་རྗེས། 《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡུལ་སྐོར་བའི་ཆ་འཕྲིན་ཐོ་འགོད་རེའུ་མིག》བྲིས་ཏེ་དངོས་མིང་ལམ་ལུགས་ཀྱི་འཛིན་བྱང་ཉོ་བ་དང་། འབྲེལ་ཐུག་མི་བྱུང་བ་དང་རྗེས་འདེད་ཆོག་པའི་འགྲོ་འོང་ཐོ་འགོད་ཐུབ་པར་བྱ་དགོས། འཛིན་བྱང་སྔོན་མངགས་བྱེད་སའི་ཁ་པར་ཨང་གྲངས་0971-8068826དང་ཡང་ན་18297175893ཡིན། 
         གླེང་རིན་ཡོད་པ་ཞིག་ལ། སྤྱི་བསྒྲགས་སྤེལ་ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར། རྒྱལ་ཡོངས་ཀྱི་སྨན་དོན་ལས་དོན་པ་ཡོངས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་དེ་བཞིན་སྨན་དོན་དང་འབྲེལ་བའི་ལས་གཉེར་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཐོ་འགོད་བྱས་རྗེས། འཛིན་བྱང་མི་དགོས་པར་མཛེས་ལྗོངས་ཁུལ་དུ་འགྲོ་ཆོག་པ་དང་མཛེས་ལྗོངས་ཁུལ་དུ་འཛུལ་སའི་མྱུར་བགྲོད་འགྲོ་ལམ་ལོངས་སུ་སྤྱོད་ཆོག་པ་དང་། ཞག་སྡོད་བྱེད་མཁན་གྱིས་ཚོགས་པའི་གྲོས་མཐུན་གྱི་རིན་གོང་ལོངས་སུ་སྤྱོད་ཆོག་པ་རེད། ཧུའུ་པེ་ནས་ཡིན་པའི་སྨན་དོན་མི་སྣ་དང་ས་གནས་ཁག་གི་ཝུའུ་ཧན་དུ་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། སྨན་དོན་དང་འབྲེལ་ཡོད་ལས་གཉེར་ཐོབ་ཐང་ལག་ཁྱེར། འབྲེལ་ཡོད་དཔང་ཡིག་བཅས་ཡོད་ན། མཉམ་དུ་ཡོང་བའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཀྱིས་ལག་ཁྱེར་ནུས་ལྡན་ལ་བརྟེན་ནས་འཛིན་བྱང་མི་དགོས་པར་མཛེས་ལྗོངས་ཁུལ་དུ་འགྲོ་ཆོག་པ་དང་། མཛེས་ལྗོངས་ཁུལ་དུ་འཛུལ་སའི་མྱུར་བགྲོད་འགྲོ་ལམ་སྤྱོད་ཆོག ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་མི་དགོས་པ་དང་། ཞག་སྡོད་བྱེད་ན་ཚོགས་པའི་གྲོས་མཐུན་གྱི་རིན་གོང་ལོངས་སུ་སྤྱོད་ཆོག་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།