དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བོད་རྒྱ་སྐད་གཉིས་ལེགས་ཆར་བརྟེན། དམངས་འདོད་གསར་འགྱུར་དུས་ལྟར་སྒྲོག

སྤེལ་དུས 2020-02-28 ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་པ་པོ། གཡང་འབུམ་ཚེ་རིང་།

          ཏོག་གསར་གློ་ཚད་རིམས་འགོག་ལས་དོན་སྤེལ་བའི་ཚུན། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ཁུལ་ཨུའི་དྲིལ་བསྒྲགས་པུའི་མཛུབ་ཁྲིད་འོག མདོ་ལ་ཚགས་པར་ཁང་གི“གངས་ལྗོངས་འཕྲིན་གསར”བོད་ཡིག་སྤྱི་སྟེགས་དང“མཚོ་བྱང་སྨྱན་གསར”སྤྱི་སྟེགས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མདོ་ལ་ཚགས་པར་ཁང་རྩོམ་སྒྲིག་ཨུ་ལྷན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་པ་བརྒྱུད། དྲིལ་སྒྲོག་སྒྲིག་ལམ་གསལ་བོ་བཟོས་ཤིང་དྲིལ་བསྒྲགས་དང་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། ཆེད་དོན་ཆེད་སྒྲིག་ལེ་ཚན་དུས་ཐོག་ཏུ་སྤེལ་ནས། རིམས་འགོག་ཚོད་འཛིན་གྱི་ཚན་རིག་ཤེས་བྱ་དང་། རྒྱལ་ནང་གི་གལ་ཆེའི་གསར་འགྱུར་གནད་བསྡུས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ། བོད་རིགས་ས་ཁུལ་གྱི་རིམས་ནད་གཙོ་བོའི་གནས་ཚུལ་གཏོང་སྤེལ་སོགས་ཀྱི་ནང་དོན་ཡིག་སྒྱུར་དང་རྩོམ་སྒྲིག་ཡང་དག་བྱས་ཏེ་སྐད་གཉིས་སྨྱན་སྦྱོར་གྱི་དྲང་ཕྱོགས་དྲིལ་བསྒྲགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་སྤེལ་ཞིང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སྤྲོད་པ་བཅས་བྱས་ནས་རྒྱུན་གཏན་གྱི་གནས་ཚུལ་གཏོང་སྤེལ་དང་དྲ་རྒྱའི་གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ཡོད། ཁུངས་བཙུན་ཆ་འཕྲིན་ཡོངས་བསྒྲགས་དང་ཚན་རིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། གསར་འགོད་པའི“ནུས་པ་བཞི”ལག་ལེན་ཧུར་ཐག་བསྟར་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུར་སྣང་ཆེན་བྱས་ནས་རིམས་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རིམས་འགོག་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་བོད་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་བསྒྲགས་བྱས།

          བོད་རྒྱ་སྐད་གཉིས་ཀྱི་སྨྱན་སྦྱོར་ལེགས་ཆ་འདོན་སྤེལ་བྱས་ནས་རིམས་ནད་གནས་ཚུལ་དང་རིམས་འགོག་གཡུལ་འཐབ་བཀའ་རྒྱར་བརྩིས་ཏེ། དུས་མཚམས་ཧྲིལ་པོར་སྒྲ་གཟུགས་གཉིས་ཀྱི་ཐོག་ནས་རིམས་འགོག་ཚོད་འཛིན་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་སྤྱི་ཡོངས་དང་ཟུར་མང་པོའི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་བྱ་ཐབས་ལེགས་པོ་དྲིལ་བསྒྲགས་བཅས་བྱས་ཏེ་རིམས་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐུན། “གངས་ལྗོངས་འཕྲིན་གསར”རྩོམ་སྒྲིག་ཁང་གིས་རིམས་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་དང་བྱེད་ཐབས་གལ་ཆེན། དེ་བཞིན་མཚོ་བྱང་གི་རིམས་ནད་གནས་ཚུལ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་རིམས་འགོག་ཚོད་འཛིན་གྱི་ཆ་འཕྲིན་དུས་ལྟར་ཡིག་སྒྱུར་བྱས་ནས་བོད་རིགས་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྱན་ལམ་ལ་ཡི་གེ་དང་པར་རིས། སྒྲ། བརྙན་སོགས་ཀྱི་རྣམ་པའི་ཐོག་ནས་གནད་ལ་འཁེལ་ཞིང་ཁུངས་བཙུན་པའི་གནས་ཚུལ་སྤེལ་ཞིང་། དེ་དག་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འཕྲིན་སྟེགས་དང་དྲ་བ(བོད་ཡིག)། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན། ཉིན་རེའི་གངས་ལྗོངས་འཕྲིན་སྟེགས་སོགས་ཞིང་ཆེན་ཕྱི་ནང་གི་བོད་ཡིག་སྨྱན་སྦྱོར་ཐོག་གཅིག་རྗེས་གཉིས་མཐུད་ངང་བརྒྱུད་འགོད་བྱས་པས་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་བོ་ཐོན་ནས་རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་དང་བསྔགས་བརྗོད་ཆེན་པོ་ཐོབ། ཆ་སྙོམས་ཉིན་རེར་རིམས་ནད་གནས་ཚུལ་གྱི་ནང་དོན16ལྷག་སྤེལ་གྱིན་ཡོད་པ་དང་ཉིན་རེར་ཆ་སྙོམས་ཡིག་འབྲུ15000ལྷག་ཙམ་ཡིག་སྒྱུར་བྱས་ཤིང་ཉིན་རེའི་ཀློག་གྲངས་ཁྲི2ལྷག་ལ་སླེབས་ཡོད།


          ཟླ1པོའི་ཚེས22ཉིན་ནས་ད་བར།  “གངས་ལྗོངས་འཕྲིན་གསར”བོད་ཡིག་སྤྱི་སྟེགས་ཀྱིས《བོད་སྐད་པར་གཞིའི་སྤྱི་ཕན་བརྙན་ཐུང》དང《མཚོ་བྱང“རིམས”འཐབ》 《“རིམས”འཐབ་ཀྱི་གདོང་ལེན་པ》 《དོ་ཁུར》 《ཤ་ཚའི་དྲན་སྐུལ》སོགས་རིམས་འགོག་ཆེད་སྒྲིག་ལེ་ཚན་དང་དམིགས་བསལ་གནས་ཚུལ་གསར་སྒྲུབ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རིམས་འགོག་ཚོད་འཛིན་གྱི་ཁུངས་བཙན་གནས་ཚུལ་ཁྱབ་སྤེལ་བྱས་པ་དང་། དུས་ཐོག་ཏུ་རིམས་འགོག་ཚོད་འཛིན་གྱི་དྲན་སྐུལ་ཡོངས་བསྒྲགས་བྱས་པ། རིམས་ནད་དང་འབྲེལ་བ་ཡོད་པའི་གསར་འགྱུར་བརྩམས་ཆོས240ལྷག་ཙམ་ཡིག་སྒྱུར་དང་རྩོམ་སྒྲིག་བྱས་ནས་སྤེལ་ཞིང་། སྤྱིའི་ཀློག་གྲངས་ཁྲི161ཟིན་ཡོད། “མཚོ་བྱང་སྨྱན་གསར”སྐད་འཕྲིན་སྤྱི་སྟེགས་ཀྱིས་རིམས་ནད་དང་འབྲེལ་བའི་གསར་འགྱུར་བརྩམས་ཆོས500ལྷག་སྤེལ་ཞིང་། དུས་མཚུངས་སུ། 《ཚན་རིག་དང་མཐུན་པའི“རིམས”འཐབ》དང 《“རིམས”འགོག་འཐབ་སའི་ཉེན་བརྡ》 《མཚོ་བྱང“རིམས”འཐབ》 《“རིམས”འཐབ་ཀྱི་གདོང་ལེན་པ》 《གྲོས་འདོན་ཡི་གེ》 《ངའི“རིམས”འཐབ་ཀྱི་འཚོ་བ》སོགས་ཆེད་སྒྲིག་ལེ་ཚན་གསར་དུ་བསྒྲུབས་ཏེ། སྤྱིའི་ཀློག་གྲངས་ཁྲི306ཟིན་པ་དང་། སྤྱི་སྟེགས་ཀྱི་སྤྱིའི་དོ་ཁུར་གྲངས་ཁྲི4.2ཟིན་པར་མ་ཟད། དོ་ཁུར་ཁྱབ་ཚུལ་གྱིས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཟིན་འདུག

          དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར“གངས་ལྗོངས་འཕྲིན་གསར”གྱི་སྤེལ་གྲངས་དེ་ཉིན་རེར་ཐེངས1ནས་ཉིན་རེར་ཐེངས4ལ་འཕར་བ་དང“མཚོ་བྱང་སྨྱན་གསར”གྱི་སྤེལ་གྲངས་ཉིན་རེར་ཐེངས3ནས་ཉིན་རེར་ཐེངས6ལ་འཕར་ཡོད།  ཉིན་རེར་གསར་འགྱུར་སྤེལ་བའི་ཐེངས་གྲངས་ཇེ་མང་དུ་སོང་རྗེས་ནང་དོན་སྣ་མང་གི་གསར་འགྱུར་ཆ་འཕྲིན་དུས་ཐོག་ཏུ་སྤེལ་ཐུབ་པར་འགན་ལེན་བྱས་ཡོད་པ་དང་། རྗེས་ཕྱོགས་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་ཡང་དུས་ཐོག་ཏུ་སྤེལ་རྒྱུར་རྨང་གཞི་བཏིང་ཡོད་ལ། གླེང་ཕྱོགས་གཙོ་བོའི་ནང་དོན་དུས་ཐོག་ཏུ་སྤེལ་བ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ནང་དོན་ཚ་ཤོས་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་པ་བཅས་བྱེད་ཐུབ་པས་གཙོ་རྒྱུག་སྨྱན་སྦྱོར་གྱིས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། 

          ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དེ་སྔར་ལས་ལེགས་པ་བྱས་ནས་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད། མདོ་ལ་ཚགས་པར་ཁང་གིས2015ལོའི་ཟླ8པའི་ཚེས23ཉིན་ནས་བཟུང་བོད་ཡིག་གི་གཞུང་གཉེར་སྤྱི་སྟེགས་གཉེར་འགོ་བརྩམས་ཤིང་། ཉེ་བའི་ལོ་ལྔའི་རིང་སྤྱི་སྟེགས་དེས“དར་ཆ་མཐོན་པོར་སྒྲེང་བ་དང་ཁྲིད་ཕྱོགས་ལ་སྣེ་ཁྲིད། ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་ཞུ”བཅས་བྱེད་པའི་དྲིལ་བསྒྲགས་ཀྱི་སྤྱིའི་བླང་བྱར་བརྟེན་ནས་ཡར་རྒྱས་བརྩོན་ལེན། རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་པས། བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས། ཁྲིད་སྟོན་ནུས་པ། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། མིག་སྔར་སྤྱི་སྟེགས་ཀྱི་དོ་ཁུར་གྲངས་ཁྲི1ལས་བརྒལ་ཡོད་པ་དང་ཀློག་གྲངས་ཁྲི2000ལས་བརྒལ་ཡོད་ལ། འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད། ཟླ2པའི་ཚེས20ཉིན་ནས་བཟུང་། བོད་ཡིག་གི་གཞུང་གཉེར་སྤྱི་སྟེགས“ཨ་མདོ་སྨྱན་གསར”གྱི་མིང་དེའང་དངོས་སུ“གངས་ལྗོངས་འཕྲིན་གསར”དུ་བསྒྱུར་ཡོད།