དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱི2020ལོའི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས།

སྤེལ་དུས 2020-03-27 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

          ཚེས24ཉིན། ཁུལ་ཨུའི2020ལོའི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཅིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་རྩ་འཛུགས་དང་། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར་སོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། 2019ལོའི་ཁུལ་ཡོངས་ཀྱི་རྩ་འཛུགས་དང་དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། མང་ཚོགས་བཅས་ཀྱི་ལས་དོན་ལ་ཕྱིར་བལྟས་དང་ཕྱོགས་བསྡོམས་བྱེད་པ། 2020ལོའི་ལས་ཀའི་ལས་འགན་བཀོད་སྒྲིག་བྱེད་པ་དང་། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་བསམ་བློ་གཅིག་གྱུར་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ། ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་མྱུར་བསྐྲུན་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱ་དགོས་པའི་སྐུལ་སློང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུ་གཙོ་འགན་བཞེས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུར་ཞུགས་པ་རེད།
          ལིའུ་ཁྲེང་མིང་གིས་ཁུལ་ཨུའི་ཚབ་ཞུས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་ཁྱད་པར་དུ་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་ཡོད་པའི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
          ལིའུ་ཁྲེང་མིང་གིས2019ལོར་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རྩ་འཛུགས་དང་། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པ་བཅས་ཀྱི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རང་འགུལ་ངང་འགན་འཁྲི་འཁུར་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་པས། ལས་དོན་ཁག་གི་ཁྱད་ཆོས་མངོན་གསལ་དོད་པ་དང་རྩ་འཛུགས་ལས་དོན་ལ་རྣམ་པ་གསར་པ་བཏོད་པ་དང་དྲིལ་བསྒྲགས་ལས་དོན་ལ་རྣམ་པ་གསར་པ་ཐོན་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ། མང་ཚོགས་ཚོགས་པའི་ལས་དོན་ལ་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
         རྟིང་མར་ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནས་ཁྲིད་ཕྱོགས་ཡང་དག་པ་དང་རྨང་གཞི་བརྟན་དུ་གཏོང་བ། འགན་སྲུང་ལ་ཤུགས་རྒྱག་པ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམ་འཛིན་བྱེད་མཁས་པའི་སྟོབས་ཤུགས་ལ་བརྟེན་ནས་རྩ་འཛུགས་ལས་དོན་ཡག་པོ་བསྒྲུབ་དགོས། གཉིས་ནས་དར་ཆ་སྒྲེང་བ་དང་ཁོར་ཡུག་སྐྲུན་པ། ངར་ཤུགས་སློང་བ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དུས་རྟག་ཏུ་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་བཅངས་ནས་དྲིལ་བསྒྲགས་ལས་ཀ་ཡག་པོ་བསྒྲུབ་དགོས། གསུམ་ནས་ངོས་འཛིན་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་བ་དང་སྡོམ་ཤུགས་གཅིག་ཏུ་སྒྲིལ་བ། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམ་འཛིན་བྱེད་ཕོད་པའི་ངར་ཤུགས་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། བཞི་ནས་ནང་རྩལ་སྦྱོང་བ་དང་གསོན་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཚོགས་པའི་ལས་ཀ་ཡག་པོ་བསྒྲུབ་དགོས། །

རྩོམ་སྒྲིག་པ། བདེ་སྒྲོལ།