དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས“འགག་གནད”དང“དཀའ་གནད”ལ་དམིགས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བ།

སྤེལ་དུས 2020-03-30 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཟླ་གསུམ་པའི་ཟི་ལིང་དུ་དཔྱིད་གྲང་གི་གནམ་གཤིས་སྟོན་བཞིན་ཡོད། ཐོ་འགོད་དང་། ཚ་བ་ལྟ་བ། དུག་སེལ་སོགས་ཀྱི་གོ་རིམ་བརྒྱུད་གསར་འགོད་པ་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་བརྟག་ཞིབ་བྱེད་པའི་མཚོ་སྔོན་གྱི་ཚོགས་ཆུང་དང་མཉམ་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ཉི་ནུས་གློག་རྫས་བཟོ་སྐྲུན་ཡན་ལག་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད།
          འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་པ་དང“རིག་ནུས་འཕྲུལ་མི”ཕར་འགྲོ་ཚུར་འོང་བྱས་ནས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་བཞིན་ཡོད། ལི་ཀྲི་ནི་འཁོར་ཁང་གི་ན་གཞོན་ལས་མི་ཞིག་ཡིན་པ་དང་ཚད་མ་ལོན་པའི་ཐོན་རྫས་ཕྱེད་གྲུབ་མར་འདེམས་སྒྲུག་རྒྱག་པ་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀ་རེད། “ང་ཚོས་ལས་ཀ་ཚོགས་ཆུང་གསུམ་ལ་དབྱེ་ནས་བྱེད་ཀྱི་ཡོད། ཉིན་མཚན་དབྱེར་མེད་ངང་ལས་ཀ་བྱས་ནས་དཔྱིད་གསར་དུས་ཆེན་ལའང་ལས་མཚམས་བཞག་མེད”ཅེས་བཤད།
        “ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་དུས་འགོར་མི་སྣ་ལས་གནས་ཐོག་ལོག་པ་དང་མ་བཅོས་རྒྱུ་ཆ་སྐྱེལ་འདྲེན་ཐད་དཀའ་ངལ་འཕྲད་པར་དམིགས་ནས། ཟི་ལིང་གྲོང་ཁྱེར་ཏུང་ཁྲོན་བཟོ་ལས་གླིང་གིས་འཕྲལ་མར་རིམས་འགོག་དངོས་ཟོག་སྤྲད་དེ་མི་སྣ་ཕྱིར་ལོག་དང་དངོས་ཟོག་སྐྱེལ་འདྲེན་ཐད་རྒྱབ་སྐྱོར་བྱས་པ་མ་ཟད། ང་ཚོས་ཀྱང་དུས་ཐོག་ཏུ་དངོས་ཟོག་མཁོ་སྤྲོད་ཀྱི་ཐབས་ལམ་བཙལ་བས། ད་ཆ་འཁོར་ཁང་གི་ལས་མི་ཚང་མ་ལས་གནས་སུ་ལོག་ནས་ཐོན་སྐྱེད་ཡག་པོ་བྱེད་ཐུབ་ཀྱི་ཡོད། རིམས་ནད་ཐོན་པའི་དུས་འགོར་ཐོན་སྐྱེད་ཀྱི་འཕེལ་རིམ་འགོར་དུ་ཕྱིན་ནའང་གློག་རྫས་བརྗེ་འགྱུར་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་23.2%ཡན་ཟིན་ཏེ། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཀྱི་ཡོད”ཅེས་རིམས་ནད་ཀྱིས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པའི་སྐོར་གླེང་སྐབས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཧྥུང་གིས་དེ་ལྟར་བཤད།
         མཚོ་སྔོན་མཚོ་ཤར་གྱི་ཕན་འབྲས་ཆེ་ཤོས་ལྡན་པའི་དབུལ་སྐྱོར་ཐོན་ལས་ཡིན་པའི་འཐེན་ཐུག་ཐོན་ལས་ནི་ས་གནས་དེ་གའི་ཕྱིར་གླ་པར་འགྲོ་མཁན་མང་ཤོས་ཀྱི་ལས་རིགས་ཤིག་ཏུ་གྱུར་ཡོད། མི་ཁྲི་18ཀྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་279ལ་འཐེན་ཐུག་ཟ་ཁང་ཁྲི་2.7ལྷག་ཙམ་བཙུགས་ཡོད། ཟླ་གཉིས་པའི་ཟླ་སྨད་ཚུན་དུ་མཚོ་ཤར་གྲོང་ཁྱེར་གྱིས་སྔ་རྗེས་སུ་དེའི་ཁྲོད་ཀྱི་མི་ཁྲི་1ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཁག་ཐེངས་བཞི་ལ་དབྱེ་སྟེ་ལས་གནས་སུ་ལོག་ནས་ཐོན་སྐྱེད་སླར་གསོ་བྱས་པ་དང་། ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་ལས་གཉེར་སླར་གསོར་མཛུབ་ཁྲིད་བྱེད་པར་མངགས་པ་དང་འབྲེལ་སྲིད་དོན་ཞབས་འདེགས་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། ལས་མི་སྤྱོད་པའི་སྤྱི་ཚོགས་འགན་བཅོལ། བུ་ཕྲུག་སློབ་གྲྭར་སྐྱོད་པ་སོགས་ཐད་གཟིགས་སྐྱོང་སྲིད་ཇུས་བཏོན་པ་རེད།
          གཞན་ཡང་ཁེ་ལས་ཕྲན་ཚེགས་ཀྱི་སྟབས་བསྟུན་དང་། ཁ་འགྲེམས། སྟབས་བདེ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཁྱིམ་ཚང་གི་བཟོ་ཁང་དང་དྲ་བའི་མངགས་ཐོར་ལྕག་སྐུལ་བྱས་ནས་ཁྱིམ་དུ་བསྡད་དེ་རིམས་ནད་སྔོན་འགོག་བྱེད་པ་དང་ཡོང་འབབ་བརྟན་པོའི་ངང་འཕར་བ་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱས་ཡོད་པ་རེད།
           དམར་གཙང་རྫོང་ཀོན་ཐིང་གྲོང་རྡལ་ཀྲུའུ་ཨར་ནུའུ་ཡི་ཁྱིམ་དུ་སྐྱོད་སྐབས། ལྷམ་གདན་དང་འོག་འཇུག་ལ་ཕར་ཆིན་བརྒྱབ་པའི་མངོན་སུམ་དུ་སྣང་བའི་ཕྱེ་མ་ལེབ་དང་། རྒྱ་བྱ། ཤིང་པད་མ་སོགས་ལྟ་བས་མི་ངོམས་པ་ཞིག་འདུག ལོ་52ལ་སླེབས་པའི་ཁོང་ནི་ཧོར་རིགས་ཀྱི་ཞིང་པ་ཞིག་ཡིན་པ་དང་ཆུང་དུས་ཨ་མའི་ས་ནས་ཕར་ཆིན་རྒྱག་སྟངས་སྦྱངས་པས་ད་ཆ་ཁོང་ལ་ཕར་ཆིན་ཀུང་སི་ཞིག་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཀྲུའུ་ཨར་ནུའུ་ཡིས་དྲ་ཐོག་ནས་མངགས་ཐོ་མང་པོ་བླངས་ཤིང་། ཁོང་གིས“ཉིན་ཤས་རིང་ང་དང་གྲོང་པ་ཁྱིམ་མཚེས་ཀྱིས་ལས་དུས་འཕར་མ་བྱས་ཀྱང་ཕར་ཆིན་གྱི་རི་མོ་འཆར་འགོད་ཀྱང་ཚར་ཁག་ཙམ་རེད་འདུག”ཅེས་གསར་འགོད་པར་བཤད།
          མིག་སྔའི་བར་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་76.85བཏང་བ་དེ་དུས་མཚུངས་དང་བསྡུར་ན་6.27%འཕར་ཡོད་པ་དང་། འཐེན་ཐུག་ཟ་ཁང་ཁྲི་1.8ལྷག་ཙམ་ཚོང་གཉེར་སླར་གསོ་ཐུབ་པ། མཚོ་སྔོན་ཞིང་ཆེན་གྱི་ཕར་ཆིན་ལས་རིགས་མཐུན་ཚོགས་ཀྱི་ཚོགས་མི་600ལྷག་ཙམ་གྱིས་ཕར་ཆིན་གྱི་མངགས་ཐོ་ཁྲི་4ལྷག་ཙམ་བཞག་པ་དང་ཕར་ཆིན་ཐོན་རྫས་5000ལྷག་ཙམ་ལེགས་གྲུབ་ཟིན་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་25ལྷག་ཙམ་བྱུང་ཡོད། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པར་བརྟེན་མཚོ་སྔོན་གྱི་ས་ཕྱོགས་གང་སར་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཐུབ་པ་དང་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།