དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་སློབ་འགོ་འཛུགས་པའི་གཙང་གླས་གནམ་གྲུར་དགེ་སློབ་124བླུགས་ནས་ཅི་ནན་དུ་འཕུར་བ།

སྤེལ་དུས 2020-04-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          གསར་འགོད་པར་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་29ཉིན་གྱི་ཆུ་ཚོད་15ཙམ་ལ། ཧྲན་ཏུང་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་ཨང་རྟགས་SC4920ཡི་ནང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་དགེ་སློབ་124བླུགས་ནས་ཅི་ནན་དུ་ཐད་ཀར་འཕུར་ཏེ་སློབ་དུས་གསར་པའི་སློབ་འགོ་ཚུགས་ཡོད། དེ་ནི་དགེ་སློབ་ཀྱི་སློབ་འགོ་འཛུགས་པའི་ཆེད་དུ་མཚོ་སྔོན་གྱིས་གནམ་གྲུ་གཙང་གླས་བྱེད་ཐེངས་དང་པོ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མ་དེ་དག་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་སློབ་འབྲིང་དང་པོར་འགྲོ་ཡི་ཡོད་པ་དང་། ཁོང་ཚོ་ནི་ཧྲན་ཏུང་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་དབར་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱས་ཏེ་བཙུགས་པའི་ཧྲན་ཏུང་མཚོ་བྱང་མཐོ་རིམ་སློབ་འབྲིང་གི་སློབ་མ་རེད།
            མཚོ་བྱང་ཀྲོའུ་ཡི་སློབ་མ་ཧྲན་ཏུང་དུ་སློབ་གྲྭར་བསྐྱོད་པའི་འགྲིམ་འགྲུལ་གྱི་གནད་དོན་ལ་དམིགས་ནས། མཚོ་སྔོན་གནམ་ཐང་ཀུང་སིས་ད་ཡོད་ཀྱི་དུས་གཏན་གནམ་གྲུ་ནས་ཧྲན་ཏུང་མཁའ་འགྲུལ་གྱིས་བཏང་བའི་ཅི་ནན་ནས་དབྱིན་ཁྲོན་བརྒྱུད་ཟི་ལིང་བར་གྱི་དུས་གཏན་གནམ་གྲུ་བདམས་པ་དང་འབྲེལ། ཧྲན་ཏུང་མཁའ་འགྲུལ་ཀུང་སི་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། གཟིགས་སྐྱོང་རིན་གོང་མཐུན་སྦྱོར་བྱས་པ་རེད།
           གཙང་གླས་གནམ་གྲུའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། མཚོ་སྔོན་གནམ་ཐང་ཀུང་སིས་ཆེད་སྤྱོད་ལས་རེས་སྟེགས་བུ་དང་། ཆེད་སྤྱོད་བདེ་འཇགས་ཞིབ་བཤེར་བགྲོད་ལམ། ཆེད་སྤྱོད་གནམ་གྲུ་སྒུག་སྡོད་ཁུལ་སོགས་ཀྱི་ཞབས་ཞུའི་འགན་ལེན་བྱ་ཐབས་ལག་ལེན་བསྟར་ནས་སློབ་འགོ་འཛུགས་པའི་གཙང་གླས་གནམ་གྲུར་ཞུགས་མཁན་དགེ་སློབ་ཚོར་བདེ་འཇགས་ལྡན་པའི་ཐོགས་མེད་བགྲོད་ལམ་བཏོད་ཡོད། སྔོན་དཔག་བྱས་ན་ད་དུང་མཚོ་བྱང་ཀྲོའུ་ནས་སློབ་གྲྭར་ཕྱིར་ལོག་བྱེད་མཁན་སློབ་མ་ཁག་བཞི་ཙམ་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།