དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

འབའ་གཞུང་རྩྭ་ཐང་གི་བུ་རྒོད།

སྤེལ་དུས 2020-04-01 ཡོང་ཁུངས། མཚོ་ལྷོ་ཚགས་པར་ཁང་། རྩོམ་པ་པོ།
——ཐུན་ཏེ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྫོང་མི་རིགས་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ནོར་འབུམ་རྒྱལ་གྱི་གནས་ཚུལ་བཀོད་པ།
          ཟླ་གསུམ་པའི་དཔྱིད་རླུང་དྲོན་མོ་ཕ་ཡུལ་འབའ་གཞུང་གི་མཐའ་ཡས་པའི་རྩྭ་ཐང་དུ་ལྡང་ཞིང་། རྨ་ཆུ་སྔོན་མོའི་ལྷུང་ལྷུང་གི་འབབ་རྒྱུན་དང་ལྗང་མདོག་གི་མྱུ་གུས་མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་ངང་ཚུལ་ནི་ང་ཚོར་འདས་ཟིན་པའི་རྨ་ཆུའི་འགྲམ་ངོགས་ཀྱི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཞིག་གླེང་འདོད་པ་དང་ཀུན་ནས་མཚུངས།
          ནོར་འབུམ་རྒྱལ་ནི་ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བའི་འབྲོག་ཕྲུག་དཀྱུས་མ་ཞིག་སྟེ། སྐབས་དེར་ཁོ་ཚང་གི་ཁྱིམ་ཚང་ཆ་རྐྱེན་ཧ་ཅང་ཞན། ཕུ་ནུ་མིང་སྲིང་ཚོའི་ནང་དུ་ཁོ་རང་ལོ་ཆེས་ཆེ་བ་དེ་ཡིན་ལ། ཆུང་དུས་ནས་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་ཤུགས་དྲགས་ལྡན་པས།ཁོས་ནམ་རྒྱུན་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་བསྐུལ་ནས་ཤེས་བྱའི་ཐང་ཆེན་དུ་བསྐྱོད་པས། མཐར་ཁོ་རང་དགེ་རྒན་བྱེད་འདོད་ཀྱི་ཕུགས་བསམ་དྲོན་མོ་དེ་ཡང་གཞི་ནས་མངོན་འགྱུར་བྱུང་བ་རེད།

          1993ལོའི་ཟླ7པར། ཁོ་རང་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་འབའ་ཆུ་ཤང་རྐ་ཆེན་བཅའ་སྡོད་སློབ་གྲྭར་དགེ་རྒན་གྱི་ལས་གནས་སུ་ཐོག་མར་ཞུགས་ཏེ། རང་གི་ཁྱིམ་མི་ལ་གཟི་བརྗིད་བསྩལ་ནས་རང་ཉིད་ཀྱི་མི་ཚེ་གང་བོའང་མི་རིགས་སློབ་གསོའི་ལས་དོན་ལ་བསྟིམས་རྒྱུའི་མི་འགྱུར་དམ་བཅའ་རི་མོ་སེམས་སུ་བརྐོས།
          སྐབས་དེར་སློབ་གྲྭའི་ནང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་དང་། འབྲོག་པ་རྣམས་ཀྱི་བསམ་བློའི་ཆུ་ཚད་ཀྱང་ཤིན་ཏུ་དམའ་བས།ཁྱིམ་བདག་རྣམས་ཀྱིས་ཀྱང་སློབ་གསོའི་དགོས་གལ་རང་བཞིན་དང་རིག་གནས་ཤེས་བྱར་མཐོང་ཆེན་མི་བྱེད་པས་རང་རྟོགས་སྒོས་བྱིས་པ་སློབ་གྲྭར་སྐྱེལ་མཁན་ཧ་ཅང་ཉུང་། འོན་ཀྱང་། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་སློབ་གསོའི་ལས་རྐང་དང་ཁ་འབྲལ་མ་མྱོང་བའི་ནོར་འབུམ་རྒྱལ་སྔར་བཞིན་སེམས་ཤུགས་མ་ཉམས་པར་ནམ་རྒྱུན་སྡེ་བ་རེ་རེར་སོང་ནས་གོ་བསྐོན་བློ་འགུགས་ཀྱིས་སློབ་མ་མང་པོ་ཞིག་ཚུར་སློབ་གྲྭའི་ནང་བསྡུས་པར་མ་ཟད། ཡུན་ནས་ཡུན་གྱིས་སློབ་མའང་རིམ་གྱིས་ཇེ་མང་དུ་སོང་ཞིང་།དེའི་ནང་ད་དུང་སློབ་ཆེན་མཐར་ཕྱིན་པའི་སློབ་མའང་ཡོད་དེ།མང་པོ་ཞིག་ཕྱིར་ཕ་ཡུལ་དུ་ལོག་ནས་ཁོ་དང་མཉམ་དུ་མི་རིགས་སློབ་གསོའི་འཛུགས་སྐྲུན་གྱི་བྱ་བར་འབད་འབུངས་བྱེད་བཞིན་མཆིས།

          སློབ་ཆེན་སློབ་མ་དེ་དག་གི་རྒྱུ་མཚན་བཤད་ན་ལྷ་ཆེན་རྒྱལ་ཡང་དེའི་ཁྲོད་ཀྱི་སློབ་མ་དམིགས་བསལ་ཅན་ཞིག་སྟེ། ལྷ་ཆེན་རྒྱལ་ཚང་ནི་ནོར་ལུག་མང་པོ་ཡོད་པའི་འབྲོག་ཁྱིམ་ཕྱུག་པོ་ཞིག་ཡིན་པས། སློབ་གྲྭར་འགྲོ་མ་འདོད་པར་ཁྱིམ་དུ་འདུག་འདོད་ཀྱང་། སྐབས་དེར། དགེ་རྒན་ནོར་འབུམ་རྒྱལ་ཐེངས་མང་པོར་ཁོ་ཚང་དུ་སོང་ནས་སློབ་གྲྭར་ཞུགས་དགོས་པའི་རེ་བ་ནན་མོ་བཏོན་པ་དང་། སློབ་གསོའི་གལ་ཆེན་རང་བཞིན་སོགས་ཡང་ནས་ཡང་དུ་བཤད་མཐར་ལྷ་ཆེན་རྒྱལ་ཡང་ཕྱིར་སློབ་གྲྭར་ལོག  དུས་དེ་ནས་བཟུང་། ནོར་འབུམ་རྒྱལ་གྱིས་ཁོའི་ལས་དབང་ལ་འགྱུར་ལྡོག་བཏང་ཞིང་།ད་སྐབས་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བ་འདི་གནང་བ་རེད། ལྷ་ཆེན་རྒྱལ་གྱིས“གལ་ཏེ་དགེ་རྒན་ནོར་འབུམ་རྒྱལ་གྱིས་སྐབས་དེར་ང་དང་ངའི་ཕ་མ་གཉིས་ལ་ཁ་ཏ་སློབ་གསོ་བཏང་མེད་པ་ཡིན་ན། ང་ལ་ད་སྐབས་ཀྱི་འཚོ་བ་འདི་ཡོད་མི་སྲིད། སྐབས་དེར། ང་ཚོའི་འཛིན་གྲྭའི་ནང་སློབ་མའང་མི་ལྔ་དྲུག་ཙམ་མ་གཏོགས་མི་འདུག དེ་དུས་ད་རུང་སུན་སྣང་སྐྱེས་ནས་དགེ་རྒན་ལ་ལེ་བདའ་བྱས་དུས་ཀྱང་ཡོད། ཡིན་ནའང་། ད་སྐབས་ངས་དེ་དག་འདི་ལྟར་ཕྱིར་དྲན་བྱེད་སྐབས་དགེ་རྒན་ནོར་འབུམ་རྒྱལ་ལ་སེམས་གཏིང་ནས་བཀའ་དྲིན་ཞུས་ན་འདོད”ཟེར།
          དགེ་རྒན་ནོར་འབུམ་རྒྱལ་གྱིས“ལོ་རེའི་ཟླ5ནི་དབྱར་རྩྭ་བརྐོ་བའི་དུས་ཚིགས་ཤིག་ཡིན་པས། ཁྱིམ་བདག་མང་པོ་ཞིག་སློབ་གྲྭར་ཡོང་ནས་དགེ་རྒན་རྣམས་ལ་གནང་བ་སྟེར་དགོས་ཚུལ་བཤད།དྲང་མོར་བཤད་ན་དམིགས་ཡུལ་ནི་སློབ་མ་རྣམས་དབྱར་རྩྭ་བརྐོ་བར་མངགས་དགོས་པ་དེ་རེད།འདས་ཟིན་པའི་དོན་དག་དེའི་རིགས་ཡིད་ལ་དྲན་ཚེ་དངོས་གནས་ངུ་མ་དགོད་ཀྱི་སྣང་བ་ཞིག་སྟེར་འོངས་ལ་ཚེ་གང་བོར་བརྗེད་ཐབས་མི་འདུག”ཟེར།
          2007ལོའི་ཟླ4བར། ནོར་འབུམ་རྒྱལ་ཐུན་ཏེ་རྫོང་ཞོལ་མ་ཤང་འཇང་ཆེན་བཅའ་སྡོད་སློབ་གྲྭའི་སློབ་གཙོ་རུ་བསྡད་པ་དང་། 2011ལོར་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་ལས་གནས་སུ་སྤར་ཡང་། སྐབས་དེར་མི་མང་པོ་ཞིག་གིས་ད་དུང་ཁོར་ཧྲུའུ་ཅི་ཞེས་མི་འབོད་པར་སྔར་གྱི་ལོབས་ཕྱོགས་ལྟར་དགེ་རྒན་ནོར་འབུམ་ཞེས་འབོད་བཞིན་ཡོད།
          རེད་ཡ། དགེ་རྒན་གྱི་ལས་རྐང་ནས་ཤང་གྲོང་གི་ལས་བྱེད་པར་བསྐོ་འཇོག་གནང་བ་དེས་ནོར་འབུམ་རྒྱལ་གྱི་ཕྲག་སྟེང་གི་འགན་འཁྲི་སྔར་ལས་ཇེ་ལྕི་རུ་སོང་ཟིན་པ་སྨོས་མ་དགོས། འོན་ཀྱང་།   ཁོས་སྔར་བཞིན་ལོ་ངོ་མང་པོའི་བྱ་བའི་ཉམས་མྱོང་གསོག་འཇོག་དང་གཞི་རིམ་ལ་རྒྱུས་ལོན་བྱས་ནས་འབྲེལ་ཡོད་ཁྲིམས་སྲོལ་དང་། སྲིད་ཇུས། བྱ་བའི་བྱེད་ཐབས་སོགས་ཀྱི་ངོས་ཐད་ནས་སློབ་སྦྱོང་བཟང་བོ་དང་ཤེས་རྟོགས་ཇེ་མཐོ་རུ་གཏོང་དགོས་བྱུང་།  ཁོ་རང་དགེ་རྒན་གྱི་ལས་གནས་ནས་ཧྲུའུ་ཅི་ལ་བསྡད་ཡོད་ནའང་།ནམ་རྒྱུན་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་སློབ་མའི་གནས་ཚུལ་དང་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། མང་ཚོགས་ཕན་ཚུན་བར་ལའང་མཐུན་སྒྲིལ་གྱི་དོན་བཟང་མང་པོ་བསྒྲུབ་པས། ཚང་མས་སྔར་བཞིན་ཁོ་ལ་དགེ་རྒན“ནོར་འབུམ་རྒྱལ”ཞེས་བསྟོད་བསྔགས་དང་ཡིད་ཆེས་བྱ་ཡུལ་དུ་གྱུར།
          དེ་ལྟར་ལོ་ངོ་མང་པོ་ཞིག་འདས་སོང་ནའང་།ནོར་འབུམ་རྒྱལ་གྱིས་རང་ཉིད་ཀྱི་བྱ་བའི་བརྒྱུད་རིམ་རྣམས་སྤྱི་བསྡོམས་བྱེད་དུས། དཀའ་སྡུག་དང་རྔུལ་ཆུས་བསགས་པའི་ཟིན་བྲིས་འབྲི་དེབ་བཅུ་ཁ་ལྷག་ལྗིད་ཏིག་གེར་ཉར་ཡོད་པ་དེ་མཐོང་ཐུབ། མདོར་བསྡུས་ན་མང་ཚོགས་རྣམས་འཚོ་བའི་དཀའ་ཁག་དང་གནད་དོན་གང་ཞིག་ལ་འཕྲད་ཀྱང་ཆེས་ཐོག་མར་ནོར་འབུམ་རྒྱལ་ཁོ་རང་བཙལ་ནས་ཐག་གཅོད་བྱེད་པར་གོམས་ཡོད་རེད།
          2012ལོའི་ལོ་མཇུག་ཏུ། ཐུན་ཏེ་རྫོང་གིས་ལོ་ངོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་གཞག་ཆེན་མོ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་ནས་ནོར་འབུམ་རྒྱལ་གྱིས་སྔར་བཞིན་མང་ཚོགས་ཀྱི་དབུལ་སྐྱོར་བྱ་བ་གཙིགས་ཆེན་དུ་བཟུང་སྟེ་སྡེ་བ་སོ་སོའི་གཞུང་ལམ་དང་འཐུང་ཆུ། ཐོན་ལས་འཕེལ་རྒྱས་སོགས་ལ་ཧུར་ཐག་གིས་འབད་འབུངས་བྱེད་དགོས་བྱུང་། དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བའི་ལས་འགན་ལེགས་འགྲུབ་འབྱུང་ཆེད། ནོར་འབུམ་རྒྱལ་སྔར་བཞིན་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་དབུལ་ཕོངས་ཁྱིམ་ཚང་མང་པོར་སོང་ནས་གཉིད་བཅག་ཟས་བརྗེད་ཀྱིས་སེམས་ཁུར་དང་རྔུལ་ཆུ་མང་པོ་འདོན་དགོས་པར་མ་ཟད། ཕྱོགས་གཞན་ཞིག་ནས་སྔར་བཞིན་ཁྱིམ་བདག་རྣམས་ལ“བྱིས་པ་རྣམས་ངེས་པར་དུ་སློབ་གྲྭར་སྐྱེལ་དགོས། དེ་ལྟར་བྱས་ན་ད་གཟོད་ང་ཚོར་མ་འོངས་པའི་ནང་རེ་བ་ཡོད”ཅེས་ཁ་ཏ་སློབ་གསོ་གཏོང་བཞིན་ཡོད་པས། དྲང་མོར་བཤད་ན་མང་ཚོགས་ཀྱི་སེམས་སུ་ཁོ་ཧྲུའུ་ཅི་ནོར་འབུམ་རྒྱལ་མ་ཡིན་པར་ད་དུང་སྔོན་ཆད་ཀྱི་དགེ་རྒན་ནོར་འབུམ་རྒྱལ་ཡིན་པར་སྙམ།

          ཐུན་ཏེ་རྫོང་གི་ལོ་ངོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་གཞག་ལ་རྒྱལ་ཁ་ལེན་བཞིན་པའི་སྐབས་དེར། ནོར་འབུམ་རྒྱལ་ཏག་ཏག་སེང་ཁྲི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་འཇོག་བྱས། སེང་ཁྲི་དགོན་པ་ནི་ནོར་འབུམ་རྒྱལ་ལ་མཚོན་ན་བྱ་བའི་ལས་གནས་ཁྲོད་འདུག་ཡུན་ཆེས་རིང་པའི་དགོན་པའང་ཡིན། ཁོ་རང་དུས་ཡུན་ལོ་ངོ་ལྔའི་ནང་སེང་ཁྲི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྡད་པ་ནས་བཟུང་། ནམ་རྒྱུན་དགོན་པའི་ནང་ཡར་འགྲོ་མར་འོངས་བྱེད་པ་དང་ཡང་ལན་རེར་ཞག་འདུག་ཀྱང་བྱེད་དགོས་པས་དཀའ་ཁག་གང་མང་ཞིག་མྱངས་ཡོད་པ་སྨོས་མ་དགོས། སྐབས་དེར་ཁོས་གཙོ་བོ་དགོན་པའི་གྲྭ་བ་རྣམས་ཀྱི་འཚོ་བར་སེམས་ཁུར་བྱེད་ཞོར།དགོན་པའི་ཕྱིའི་འཛུགས་སྐྲུན་ལས་ཆུ་གློག་ལམ་གསུམ་ཞིག་གསོ་དང་། དགེ་འདུན་པ་རེ་རེར་ཁྱམས་འོག་ཤེལ་ཁང་གིས་བཅད་པའི་གྲྭ་ཤག་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ལས་པར་མ་ཟད། ད་དུང་ཁྱིམ་གྱི་ཅ་ལག་སོགས་ཆ་ཚང་བར་བཀོད་སྒྲིག་ལེགས་པོ་བྱས་པས། དགོན་པའི་གནས་སྟངས་ལ་འཕོ་འགྱུར་ཆེན་པོ་བྱུང་དུ་བཅུག
          2018ལོའི་ཟླ8པར། ནོར་འབུམ་རྒྱལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་དུ་བསྡད་པ་ནས་བཟུང་། ཁོས་སེང་ཁྲི་དགོན་པ་གཅིག་པུ་མ་ཡིན་པར་རྫོངས་ཡོངས་ཀྱི་དགོན་པ་ཚང་མའི་འཚོ་བ་དང་བསླབ་པ་སློབ་གཉེར། སྡོད་ཤག་གི་འཛུགས་སྐྲུན་སོགས་དེ་ལས་ལྷག་པའི་དོན་བཟང་མང་པོ་ཞིག་བསྒྲུབ་པ་དེས་ནོར་འབུམ་རྒྱལ་ནི་ས་གནས་དགོན་པའི་གྲྭ་བ་རྣམས་ལ་མཚོན་ན་ཧ་ཅང་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཐུན་ཏེ་རྫོང་གི་དགོན་པ་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང་། འཕེལ་རྒྱས། བདེ་འཇགས་སོགས་ཕྱོགས་གང་ཐད་ནས་བལྟས་འོངས་ཚེ་ནོར་འབུམ་རྒྱལ་ནི་ཁོ་ཚོ་དང་ཆེས་འབྲལ་ཐབས་མེད་པར་གྱུར་ཡོད།
          ཡིད་ཕངས་པ་ཞིག་ལ་ད་ལོ་ཁོར་ནད་གཞི་ལྕི་མོ་ཞིག་བྱུང་ནས་སྔ་གཞུག་ཏུ་ཐེངས་གཉིས་ལ་གཤག་བཅོས་བྱས་ཤིང་། སྨན་ཁང་ལས་དྲན་པ་སོས་དུས་ཁོས་ཐ་ན་རང་ཉིད་གང་དུ་ཡོད་པའང་མ་ཤེས། ཁོར་ནད་བྱུང་ནས་དྲན་མེད་དུ་སྒྱེལ་རྗེས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་གཤག་བཅོས་ཐེངས་གཉིས་བྱས་མྱོང་།སྤྱིར་ཡིན་ན་ལོ་སར་གྱི་སྔ་གཞུག་ཏུའང་བྱ་བ་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ་ཁྱིམ་དུ་ནད་གསོས་ནས་ངལ་གསོ་བྱས་ཆོག་ཀྱང་།ཡིན་ནའང་། གློ་བུར་དུ་པྲོག་དབྱིབས་ནད་དུག་གསར་བའི་རིམས་ནད་ཁྱབ་བཞིན་པས། ཁོས་སྔར་བཞིན་རང་གི་ལུས་པོའི་བདེ་ཐང་ལ་མ་འཛེམ་པར་ཆེས་ཐོག་མར་དགོན་པའི་རིམས་ནད་སྔོན་འགོག་གི་ཡུལ་དངོས་སུ་སོང་ནས་བྱ་བ་བསྒྲུབ་པ་རེད།

          པྲོག་དབྱིབས་ནད་དུག་གསར་བའི་རིམས་ནད་སྔོན་འགོག་སྐབས་སུའང་མི་རྣམས་ཀྱིས་ནོར་འབུམ་རྒྱལ་ལ“ཁྱེད་ཀྱི་ནད་གཞི་འདི་འདྲ་ལྕི་བས། ཁྱིམ་དུ་བསྡད་ནས་ངལ་གསོ་མི་བྱེད་དོན་ཅི”ཞེས་འདྲི་དུས། ནོར་འབུམ་རྒྱལ་གྱིས“ང་ཡང་རང་ཁྱིམ་དུ་བསྡད་ནས་ངལ་གསོ་བྱེད་ལོས་འདོད། ཡིན་ཡང་མིག་སྔར་གྱི་དོན་དག་གལ་ཆེན་འདི་བསྐྱུར་མ་ཕོད་པ”ཡིན་ཟེར། 
          ལོ་སར་གྱི་ཚེས་གཅིག་ཉིན་ནས་བཟུང་། ཉིན་མཚན་མེད་པར་ནོར་འབུམ་རྒྱལ་ཁྱིམ་མི་དང་ཁ་ཐག་རིང་བའི་དགོན་པ་སོ་སོར་སོང་ནས་རང་ཉིད་ཀྱི་འགན་འཁྲི་དང་དུ་བླངས་ནས་རང་ཉིད་ཀྱི་ཡོད་ཚད་རིམས་ནད་སྔོན་འགོག་གི་ལས་དོན་དུ་ཕུལ། ཟླ1པོའི་ཚེས31ཉིན།ཁོས་ད་གཟོད་ལུས་པོས་མ་ལྕོགས་པར་གཞུང་ལས་ཁང་གི་ཐོག་སྐས་ལས་ཀླད་ཁྲག་ཤོར་བས་དྲན་མེད་དུ་སྒྱེལ་སོང······
          གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཁོས་ལས་རྐང་གི་གལ་ཆེན་རང་བཞིན་དང་བྱ་བའི་ཆབ་སྲིད་རང་བཞིན། སྲིད་ཇུས་རང་བཞིན་སོགས་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པ། འགན་འཁྲི་ཡང་ཤིན་ཏུ་ལྕི་བས་ཁོ་གཟའ་འཁོར་རེ་རེའི་ནང་སྡེ་བའི་ཁྱིམ་ཚང་དང་དགོན་པ། གྲྭ་ཤག་རེ་རེར་སོང་སྟེ་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་དང་། ནང་ཁུལ་གྱི་འགལ་བ་སྣ་ཚོགས་འདུམ་འགྲིག་བྱེད་པ། དགོན་པའི་ནང་ཁུལ་གྱི་འཆམ་མཐུན་བདེ་འཇགས་སོགས་ཕྱོགས་གང་ཐད་ནས་ཀྱང་ནུས་པ་ཆེན་པོ་བཏོན་ཡོད་ཟེར།
          2017ལོར་ཐུན་ཏེ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་གསར་འཛུགས་ལས་དོན་ལེགས་འགྲུབ་བྱུང་བ་མ་ཟད།མི་རིགས་ཆོས་ལུགས་སྡེ་ཁག་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་འདེད་ལ་ནུས་པ་གཙོ་བོ་འདོན་མཁན་གྱི་བཀོད་འདོམས་པ་དང་ལག་བསྟར་མཁན། བདེན་དཔང་བྱེད་མཁན་གྱི་སྟོབས་ཤུགས་དེ་ཅི་ལ་མིན། རང་ཉིད་ཀྱི་ཕ་ས་དྲོན་མོ་ནས་ལང་ཚོའི་གཉོམ་ལག་རྒྱས་པའི་ཏང་ཡོན་ལས་བྱེད་པ་ཞིག་གིས་འདི་ལྟར་རང་ཉིད་ཀྱི་རྔུལ་ཁྲག་ཡོད་ཚད་ཕ་ཡུལ་དུ་བསྟིམས་ཤིང་། ཡུལ་མི་སྤུན་ཟླ་རྣམས་ལ་བཅངས་པའི་བརྩེ་སེམས་དྲོན་མོ་དེའི་དབང་གིས་ཁོ་ནི་ད་གཟོད་འདི་ལྟ་བུའི་མི་བུ་ལྷག་བསམ་ཅན་ཞིག་ཏུ་གྱུར་བ་མ་ཡིན་ནམ།
          མཛེས་སྡུག་གི་དཔྱིད་དཔལ་དྲོན་མོ་བསིལ་རླུང་གི་རྒྱུ་བ་དང་བསྡོངས་ནས་རྨ་འགྲམ་དུ་མེ་ཏོག་གི་འཛུམ་རྒྱ་གྲོལ་བྱུང་། ལྗང་མདོག་གི་མྱུ་གུ་འབུས་བྱུང་།རྟ་ནོར་ལུག་གསུམ་གྱི་འབའ་སྐད་སྙན་མོ་དང་ལྷན་དུ་ཡུལ་མི་ཚོའི་དགོད་སྒྲ་ཡང་ཐོས་བྱུང