དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཛོད་དགེ་རྫོང་གིས་བབ་བཟོ་ཡུལ་ཚོའི་གཞུང་ལམ་སྐྲུན་གྱིན་འདུག

སྤེལ་དུས 2020-04-01 ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ཟླ་འདིའི་ཟླ་མགོ་ནས་བཟུང་། མཛོད་དགེ་རྫོང་གི་གལ་ཆེའི་རྣམ་གྲངས་ཏེ་བབ་བཟོ་ཡུལ་ཚོའི་གཞུང་ལམ་556པ་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། སྔོན་དཔག་བྱས་ན་ད་ལོའི་ཟླ་10བའི་ཟླ་མཇུག་ཏུ་འགྲུབ་ཐུབ།
          བབ་བཟོ་ཡུལ་ཚོའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་བཟོ་འགོད་པ་ལེན་ཅིན་གྱིས་བབ་བཟོ་ཡུལ་ཚོའི་གཞུང་ལམ་འཛུགས་སྐྲུན་ནི་མཛོད་དགེ་རྫོང་གི་ད་ལོའི་གལ་ཆེའི་རྣམ་གྲངས་ཤིག་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ་25ཡོད། རྣམ་གྲངས་འདི་སྐྲུན་སྐབས་ང་ཚོ་རྣམ་གྲངས་བཟོ་འགོད་པུའུ་ཡིས་གོ་རིམ་ལྡན་པ་དང་སྤུས་ལེགས་ཀྱི་སྒོ་ནས་སྐུལ་སྤེལ་གཏོང་རྒྱུ་དང་། ས་གནས་མང་ཚོགས་ཀྱི་འགྲོ་འོང་ལ་ཡང་སྟབས་བདེ་བཟོ་ཐུབ་ཅེས་བཤད།
          བབ་བཟོ་ཡུལ་ཚོ་ནི་མཛོད་དགེ་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྨི་3046ལྷག་ཡོད་པ་དང་། རྫོང་དང་བར་ཐག་སྤྱི་ལེ་85ཡོད་ལ། མངའ་ཁོངས་སུ་སྲིད་འཛིན་སྡེ་བ་5ཡོད། ཡུལ་ཚོ་ཡོངས་ལ་མི་འབོར་3350ལྷག་ཡོད་པ་དང་། རོང་མ་འབྲོག་གི་ཡུལ་ཚོ་ཞིག་ཡིན་ལ། ཡུལ་ཚོ་ཡོངས་ལ་ནགས་ཚལ་གྱི་ཁྱབ་ཚད་མུའུ་ཁྲི་82ཟིན་ཡོད། 2009ལོར་བབ་བཟོ་ཡུལ་ཚོའི་གཞུང་ལམ་བསྐྲུན་ཞིང་། དུས་ཡུན་རིང་བོ་ཕྱིན་པས་ལམ་ཞིག་རལ་དུ་གྱུར་པ་ཚབས་ལ། ས་གནས་ཀྱི་འགྲིམ་འགྲུལ་གྱི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་ཆེད། མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བབ་བཟོ་ཡུལ་ཚོའི་གཞུང་ལམ་འཛུགས་སྐྲུན་གྱི་ཐད་ལ་མ་དངུལ་སྒོར་ཁྲི་4200ལྷག་བཏང་ཞིང་། ཡུལ་ཚོའི་གཞུང་ལམ་སྤྱི་ལེ་25.23གསར་དུ་བསྐྲུན་རྒྱུ་དང་། ལམ་ངོས་ཀྱི་ཞིང་ཁར་སྨི་4.5ཡོད། 
         རྣམ་གྲངས་འདི་ད་ལོའི་ཟླ་10བའི་ཟླ་མཇུག་ཏུ་འགྲུབ་ཐུབ་ཅིང་། ས་གནས་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བཟོ་ཐུབ་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཐད་ལ་ཡང་འགན་ལེན་བྱ་ཐུབ་བོ། །

རྩོམ་སྒྲིག་པ། བདེ་སྒྲོལ།