དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་བཏང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱ་དགོས།

སྤེལ་དུས 2020-04-01 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

          སྤྱི་ཟླ3པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཁུལ་ཨུས་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་གཙོ། ཁུལ་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་དཀར་མཛེས་ཁུལ་གྱིས་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས34པ་འཚོགས་ནས་ཀྲུང་དབྱང་གིས་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཚོགས་འདུ། ཞིང་ཆེན་ཏང་ཨུས་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས8པ་དང་། ཞིང་ཆེན་ཡོངས་ཀྱིས་ཕྱི་ནས་སིམ་འཛུལ་བྱས་པའི་རིམས་ནད་ཁྱོན་ཡོངས་ནས་འགོག་བཅོས་ཚོད་འཛིན་ལས་ཀ་སྤེལ་ཤུགས་ཆེ་རུ་གཏོང་བའི་བརྙན་འཕྲིན་བརྒྱུད་ལམ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་ལས་ཀར་གྲོས་ཞིབ་དང་ཞིབ་འཇུག་བྱས་པའི་དུས་མཚུངས་སུ་ལས་སྒྲུབ་ཚོ་ཆུང་སོ་སོ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་འཇོག་གནང་ཞིང་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་རེད།
          ཚོགས་འདུའི་ཐོག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་བརྟག་ཞིབ་གང་ལེགས་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱེད་པའི་རྨང་གཞིའི་ཐོག དུས་རིམ་དང་ཚན་པ་བགོས་ནས་བཅའ་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་ཆོས་ལུགས་སྤེལ་ཡུལ་ནང་ཁུལ་གྱི་བྱེད་སྒོ་སླར་གསོ་བྱ་དགོས། རྫོང﹙གྲོང་ཁྱེར﹚དང་སློབ་གསོའི་གཙོ་གཉེར་སྡེ་ཁག་གིས་དགེ་སློབ་ཀྱི་ཉེན་མེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རིམ་པ་དང་དུམ་མཚམས་བགོས་པ། དུས་ཚོད་གཡོལ་ཟུར་བྱས་ཏེ་སྔོན་རྗེས་སུ་སློབ་འགོ་བཙུགས་ནས་སློབ་ཁྲིད་སླར་གསོ་བྱ་དགོས་པ་དང་། ཆ་རྐྱེན་འཛོམས་པའི་སློབ་གྲྭས་བཀག་སྡོམ་བྱེད་སྟངས་ཀྱི་དོ་དམ་བྱ་དགོས། རྟའུ་རྫོང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་དང་རིམས་ནད་ནང་དུ་སིམ་འཛུལ་ཡོང་བར་ནན་འགོག་དང་ཐབས་ཇུས་ཚོད་འཛིན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་ལས་ཀ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག ཁུལ་ཨུས་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང12པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱལ་ཁ་གཉིས་ཐོབ་དགོས་ཞེས་ནན་གསུང་གནང་བ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།