དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུསཔ།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          ཟླ4པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། 《མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས་ཡིད་རྟོན་རྨང་གཞིའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་འཛུགས་པའི་ལོ་གསུམ་གྱི་བྱ་བའི་ཇུས་གཞི》དང་། 《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་བའི་འཆར་གཞིར(2020ལོ་ནས་2022ལོའི་བར)》གྲོས་ཞིབ་མཛད་དེ་རྩ་དོན་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མའི་བྱ་བར་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
          ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་དགོས་པར་བསྟན་ལ། མཚོ་སྔོན་གྱི་གཞན་འཕགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྒྱུར་བཅོས་གསར་གཏོད་དང་། ཚོད་ལྟའི་སྐུལ་ཁྲིད། མཐུན་སྦྱོར་མཉམ་འགུལ། མཐུན་སྦྱོར་འཕེལ་རྒྱས། བརྟན་འཇགས་ཡར་བརྩོན་བཅས་ཀྱི་བྱ་སྤྱོད་རྩ་དོན་མཐའ་འཁྱོངས་བྱས་ནས། “ལོ་གསུམ་གྱི་བྱ་བའི་འཆར་གཞི”ལག་བསྟར་བྱས་ཏེ2022ལོར་སླེབས་སྐབས་ཐོག་མར་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་རང་ཞིང་གི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་སྒྲིག་གཞི་གསར་པ་དང་། ལམ་སྲོལ་གསར་པ། དཔེ་དབྱིབས་གསར་པ་བཅས་ཆགས་རྒྱུར་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་ཆེད་རྨང་གཞི་འདིང་དགོས་པར་བསྟན།
          ཚོགས་འདུའི་ཐོག《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གདེང་འཇོག་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་དང་སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནད་ཡམས་སྔོན་འགོག་དང་སྨན་བཅོས་དྲག་སྐྱེད་བྱ་བར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བསྟན་པ་མ་ཟད། རྒྱུན་འཛིན་དང་གསར་གཏོད། ཁྱད་ཆོས་དང་མཉམ་འདྲེས། ཉམས་མྱོང་དང་ཚད་གཞི། སྲུང་སྐྱོང་དང་འཕེལ་རྒྱས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྨན་ཐོ་དང་། སྨན་རྫས། སྨན་རྒྱུ། སྨན་བཅོས་བཅས་ཀྱི་གསལ་ཐོ་བཟོ་བ། “སྨན་ཐོ་”ལ་བརྟེན་ནས་ཇུས་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྨན་རྫས་ལ་བརྟེན་ནས་སྨན་རྒྱུ་སྐྱེ་རུ་འཇུག་པ། གསར་གཏོད་ལ་བརྟེན་ནས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ཚད་གཞིར་བརྟེན་ནས་གསང་བ་སེལ་བ། ལེགས་སྒྲིག་གིས་རྙོག་འཛིང་གི་ཚབ་བྱེད་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་དགོས་པར་བསྟན། །

རྩོམ་སྒྲིག་པ། བདེ་སྒྲོལ།