དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཝང་ཡུས་ཡན་གྱིས་ཧོང་ཀྲུང་རྫོང་དུ་རྟོག་ཞིབ་བྱས།

སྤེལ་དུས 2020-04-03 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

          ཟླ་བཞི་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཧོང་ཀྲུང་རྫོང་དུ་སོང་ནས་ཏང་འཛུགས་སྐྲུན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་སྣེ་ཁྲིད་བྱེད་པ་དང་། ཏང་འཛུགས་སྐྲུན་གྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱ་བར་རྟོག་ཞིབ་བྱས།
          རྟོག་ཞིབ་ཁྲོད་དུ། ཝང་ཡུས་ཡན་སྔ་གཞུག་ཏུ་རུ་གསར་གྲོང་རྡལ་ཞི་བདེ་གཞིས་ཁུལ་དང་གུང་ཧོ་གྲོང་རྡལ་ཟུར་སྐྱིད་གྲོང་རྡལ་དུ་སོང་ནས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། གཞིས་ཁུལ་གྱིས་རིམས་འགོག་ཚོད་འཛིན་ཁྲོད་དུ་ཧུར་ཐག་གིས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱས་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་མང་ཚོགས་ལ་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་འགྱུར་གྱི་ཕྱོགས་སུ་འབད་པ་བྱས་པ་དང་། སྔོ་ཚོད་འདེབས་འཛུགས་ཀྱིས་ཏང་གི་དཔེར་སྟོན་ཁུལ་འཛུགས་སྐྲུན་བྱས་ཚུལ་སྐོར་ལ་ཁས་ལེན་དང་གདེང་འཇོག་གང་ལེགས་བྱས། ཝང་ཡུས་ཡན་གྱིས་བསྟན་དོན། ཏང་འཛུགས་ནི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྒར་ས་གཙོ་བོ་ཡིན་ལ། མང་ཚོགས་བཅོས་སྐྱོང་གི་སྲོག་ཤིང་གཙོ་བོ་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་ཆབ་སྲིད་སྣེ་ཁྲིད་ནུས་པ་ལ་ཤུགས་བསྣན་ནས། ཏང་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།
         ཁོ་མོས་ནན་གྱིས་བསྟན་དོན། གྲོང་ཁྱེར་གཞི་རིམ་ཏང་འཛུགས་བྱ་བ་ལེགས་པོར་སྒྲུབ་ནས། སྲང་ལམ་གཞིས་ཁུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། གསར་དར་མཁར་གྲོང་ཅན་གྱི་འཕེལ་རིམ་ཁྲོད་དུ་གཞིས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ལས་ཁུངས་ཀྱིས་ཏང་འཛུགས་སྐྲུན་བྱེད་པ་དང་། ལས་རིགས་ཀྱིས་ཏང་འཛུགས་སྐྲུན་བྱེད་པ། ཁུལ་ཁོངས་ཀྱིས་ཏང་འཛུགས་སྐྲུན་བྱས་ནས། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་དུ་སླེབས་པར་མཐོར་འདེགས་སུ་བཏང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་པ་དང་། ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་པ། སྣེ་ཁྲིད་མི་སྣའི་རུ་དཔུང་གི་སྦྱོང་རྡར་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །

རྩོམ་སྒྲིག་པ། བདེ་སྒྲོལ།