དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྲོས་ཚོགས་འཚོགས།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་བརྒྱུད་འདྲེན་ཤར་གཏོང་། “ཞབས་ཞུ་གསུམ”གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་མུ་མཐུད་དུ་ཆེ་རུ་གཏོང་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་རྣམ་གཉིས་ཀྱིས་སོ་སོ་ནས་བྱ་བའི་བླང་བྱ་བཏོན་པ་རེད།
          ལིག་ཉིང་གིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་ལ་གཏོགས་པའི་གཞུང་དོན་ཁང་གིས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། “ཞབས་ཞུ་གསུམ”གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྲིད་གཞུང་མ་ལག་ནུས་ལྡན་གྱིས་འཁོར་སྐྱོད་ཐུབ་པ་དང་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2020ལོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་དམངས་ཀྱི་དོན་དུ་སྲིད་སྐྱོང་བ་བཅས་ཀྱི་ཐད་ནས་སྔོན་དུ་སྐྱོད་པ་དང་། གྲོས་ཞུགས་ལ་མཁས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་མིག་དཔེ་སྟོན་པ། དམ་འཛིན་ཡག་པོ་བྱེད་ཕོད་པ་དང་འབད་འབུངས་ཡར་བརྩོན་གྱི་ཐད་འགན་འཁྲི་འཁུར་ཕོད་པ། སྒྱུར་བཅོས་གསར་གཏོད་དང་འབད་འབུངས་དངོས་སྒྲུབ་ཀྱི་ཐད་རྩེ་གྲར་བསྙེག་ཐུབ་དགོས་ཞེས་བསྟན་པ་དང་། ལིས་ཅེ་ཞང་གིས“རྒྱུན་འཁྱོངས་ལྔའི”བླང་བྱ་གལ་ཆེན་ལག་ལེན་ནན་ཏན་དུ་བསྟར་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་ཧུར་ཐག་གིས་འཛུགས་སྐྱོང་བྱེད་པ་དང་། དོན་འཁྱོལ་ལག་བསྟར་བྱེད་པའི་ལས་ཁུངས་ལ་དམ་འཛིན་ནན་མོ་བྱས་ཏེ། ཏང་བློ་བདེ་བ་དང་དམངས་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཚོགས་འདུའི་ཐོག་ནན་གསུང་གནང་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་ཡིན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་རྒྱག་པའི་ལོ་ཡང་ཡིན་སྟབས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི་མོ་ཡིན། སྲིད་གཞུང་གཞུང་སྒྲུབ་ཁང་ནི་སྲིད་འཛིན་གྱི་འགག་རྩ་ཞིག་ཡིན་པས་ཡུལ་དངོས་དང་པོ་རུ་གནས་ཡོད་ཅིང་། ལས་གནས་དམིགས་བསལ་ཡིན་ལ་ནུས་པ་འགངས་ཆེན་ཡིན། ལངས་གནས་མཐོ་རུ་གཏོང་བ་དང་ངོས་འཛིན་ཟབ་ཏུ་གཏོང་བ། དུས་རབས་གསར་པའི“ཞབས་ཞུ་གསུམ”གྱི་ནང་དོན་གསར་པ་དམ་འཛིན་ནན་མོ་བྱེད་པ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་འཁུར་བ། ཞབས་ཞུའི་ཐབས་ཇུས་ཀྱི་འགན་འཁྲི་གལ་ཆེན་བློ་ལ་བརྟན་པོར་ངེས་པ། ཞབས་ཞུ་དོན་འཁྱོལ་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ནུས་ཤུགས་ཡོད་རྒུས་ལན་ཡག་པོ་འདེབས་པ་བཅས་བྱེད་དགོས། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། ཚད་མཐོ་བའི་ཇུས་འདོན་སྲིད་སྐྱོང་དང་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། “གསུམ་གཉེར”གྱི་སྤུས་ཚད་དང་ལས་ཆོད་ལ་དམིགས་པ། སྲིད་དོན་ཕན་ཆེའི་འཁོར་སྐྱོད་ལ་འགན་ལེན་ཏན་ཏིག་བྱེད་པ། ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་པ། སྲིད་དོན་ཡོངས་བསྒྲགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པ། ལས་ཁུངས་ཀྱི་ལས་དོན་དོ་དམ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། “ཞབས་ཞུ་གསུམ”གྱི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
          ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པས་ཡིག་ཆ་འབྲི་བ་དང་། ཚོགས་འདུ་གཉེར་བ། གསང་ཚུགས་པ། ལས་རེས་བྱེད་པ། ཆ་འཕྲིན་འཚོལ་བསྡུ་དོ་དམ། གློག་རྡུལ་སྲིད་དོན། སྲིད་དོན་ཆ་འཕྲིན། སྲིད་དོན་ཞབས་ཞུའི་སྤུས་ཚད་བཅས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།