དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་རོགས་སྐྱོར་བྱས་ཏེ་ཨོག་དཀར་དང་གསའ་སོགས་རང་བྱུང་ཁམས་སུ་བཏང་།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          ཟླ3པའི་ཚེས27ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནགས་ཚལ་སྤྱི་བདེ་ཅུའུ་འབྲུ་ཆུའི་སྲུང་སྐྱོབ་ཡན་ལག་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ས་གནས་དེ་གའི་དོ་དམ་སྲུང་སྐྱོང་པའི་ཁ་པར་འབྱོར་ནས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཀྲ་ཏོག་གྲོང་རྡལ་དགའ་བསྟོད་ཤང་གི་སྤོས་ཡུལ་སྡེ་བའི་ཟམ་ཁ་སྡེ་བ་གཉིས་པའི་དོ་དམ་སྲུང་སྐྱོང་པའི་ལས་རེས་ཁང་དུ་སྔར་མཐོང་མ་མྱོང་བའི་རི་སྐྱེས་སྲོག་ཆགས་ཤིག་མཐོང་བྱུང་ཞེས་བཤད་པ་རེད། ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་སུ་བསྐྱོད་དེ། རི་སྐྱེས་སྲོག་ཆགས་དེའི་གཟུགས་པོའི་གནས་ཚུལ་ལ་ཞིབ་ཕྲའི་ཞིབ་བཤེར་བྱས་རྗེས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཨོག་དཀར་ཡིན་པ་གསལ་འབྱེད་བྱས། ཨོག་དཀར་གྱི་གཟུགས་པོ་བདེ་ཐང་ཡིན་པ་ཤེས་རྗེས། མི་དམངས་ཉེན་རྟོག་པ་དང་བདག་སྐྱོང་བ་གཉིས་ཀྱིས་མཉམ་དུ་རང་བྱུང་དུ་བཏང་བ་རེད། འདི་ནི་ཐེངས་དང་པོར་འབྲི་ཆུའི་འགྲམ་རྒྱུད་སྲུང་སྐྱོབ་ཁུལ་དུ་ཨོག་དཀར་གྱི་རྗེས་ཤུལ་རྙེད་པ་རེད།
          ཟླ3པའི་ཚེས29ཉིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནགས་ཚལ་སྤྱི་བདེ་ཅུའུ་འབྲི་སྟོད་དོ་དམ་ཁྲུའུ་ལ་ཉེན་བརྡ་འབྱོར་ནས། འབྲོག་པའི་འབྲོག་ར་ན་གསའ་ཞིག་ཡོད་པ་མ་ཟད། འབྲི་གཡག་གཅིག་བསད་པས། ཉེན་རྟོག་པས་གསའ་མཐར་སྐྲོད་གཏོང་རྒྱུའི་རེ་བ་བཏོན་པ་རེད། ཉེན་བརྡ་འབྱོར་རྗེས་འབྲི་སྟོད་དོ་དམ་ཁྲུའུ་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་མྱུར་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད། ཡུལ་དངོས་སུ་འབྱོར་རྗེས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་ཡིན་པ་ཤེས་པ་དང་། ཡུལ་དངོས་སུ་ལྟ་ཞིབ་དང་འདྲི་གཅོད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་གསའ་ནོར་རའི་ནང་འཛུལ་ནས་འབྲི་གཡག་བཟས་པས་ཉེན་ཁའི་གནས་སུ་གྱར་ཡོད་པ་ཚོད་དཔག་བྱས་པ་རེད། མི་དམངས་ཉེན་རྟོག་པ་དང་གསའ་ལ་གནོད་འཚེ་མི་བཟོ་ཆེད། མི་དམངས་ཉེན་རྟོག་པས་སྦྲིད་སྨན་སྤྱད་དེ་གསའ་ལ་སྦྲིད་སྨན་བརྒྱབ་པ་དང་། ཞིབ་བཤེར་བྱས་རྗེས་གསའ་དེའི་གཟུགས་པོར་རྨས་ཤུལ་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་། འབྲི་གཡག་གིས་རྒོལ་ལན་བསློགས་ཏེ་རྨས་སྐྱོན་བྱུང་བ་ཤེས། རྨས་སྐྱོན་ཕོག་པའི་གསའ་ལ་དུག་སེལ་སྟབས་བདེ་བྱས་པ་དང་། ཚེ་སྲོག་ལ་གནོད་འཚེ་ཡོད་མེད་ལྟ་ཞིབ་བྱས་རྗེས་རང་བྱུང་ཁམས་ཆེན་མོའི་ཁོངས་སུ་བཏང་བ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།