དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་མཁའ་ལམ་དོ་དམ་ཡན་ལག་ཅུས་ཀྱི་སྤྱི་ལེ2000གི་ས་ཚིགས32ལ་སྐོར་སྐྱོད་ཞིབ་བཤེར་བྱས་ཏེ་མཁའ་ལམ་གྱི་འགྲུལ་བཞུད་ལ་སྲུང་སྐྱེལ་བྱས་པ།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱུང་བ། གནམ་གྲུའི་ལན་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་མཁའ་ལམ་དོ་དམ་གྱི་བདེ་འཇགས་འཁོར་སྐྱོད་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད། ཉེ་ཆར་མཚོ་སྔོན་མཁའ་ལམ་དོ་དམ་ཡན་ལག་ཅུས་སྐོར་ཞིབ་ཚོགས་ཆུང་གིས་ལམ་ཐག་སྤྱི་ལེ2000ལྷག་ཙམ་བསྐྱོད་དེ་ཁོངས་གཏོགས་ཁུལ་གྱིH15མཁའ་ལམ་དང་ས་ཚིགས་ཀྱི་ལས་རེས་མི་སྣར་འཚམས་འདྲི་དང་སྒྲིག་ཆས་དུས་ཚིགས་བརྗེ་བའི་སྲུང་སྐྱོང་སྐོར་ཞིབ་ལས་དོན་ལེགས་སྒྲུབ་བྱས་པ་རེད། 
འདི་ནི་སྐོར་ཞིབ་ཚོགས་ཆུང་གིས་ས་ཚིགས་འཕྲུལ་ཆས་ལ་གཟིགས་གནང་བཞིན་པ་རེད།
         མཚོ་བྱང་ཁུལ་རྐང་ཚ་དང་མཚོ་ནུབ་ཁུལ་གཏེར་ལེན་ཁའི་ཟློས་ཕྱོད་མཐོ་བའི་རྒྱང་འཛིན་སྟེགས་བུར་སྐོར་ཞིབ་ཚོགས་ཆུང་གིས་ཡུལ་དངོས་སུ་ས་ཚིགས་ཀྱི་འཕྲུལ་འཁོར་ཁང་དང་མཐའ་འཁོར་གྱི་འཁོར་སྐྱོད་ཁོར་ཡུག་ལ་ལྟ་ཞིབ་བྱས་ཏེ་ཉེ་དུས་ལས་ཁུངས་དང་ས་ཚིགས་ཀྱི་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་པ། ས་ཚིགས་ཀྱི་ལས་རེས་མི་སྣའི་མིག་སྔའི་གཟུགས་པོའི་གནས་ཚུལ་དང་དེ་བཞིན་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁོང་ཚོས་ནད་ཡམས་ཐོན་རིང་ས་ཚིགས་བརྟན་སྲུང་གི་དཀའ་སྤྱད་འབད་བརྩོན་ལ་ཁས་ལེན་གང་ལེགས་གནང་བ་རེད། དེ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་ད་དུང་མཇུག་འགྲིལ་མེད་པས“ཕྱི་འགོག་ནང་འདྲེན”གྱི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ཏེ་ལས་ཁུངས་དང་ས་ཚིགས་ཀྱི་རིམས་ནད་སྔོན་འགོག་དང་བདེ་འཇགས་སྔོན་འགོག་སོགས་ཀྱི་ལས་ཀའི་བྱེད་ཐབས་ཁག་མུ་མཐུད་ཡག་པོ་སྒྲུབ་དགོས་པར་མངགས་བཅོལ་བྱས་པ་རེད། 
         མཚོ་སྔོན་མཁའ་ལམ་དོ་དམ་ཡན་ལག་ཅུས་ལ་ད་ལྟའི་ཁོངས་གཏོགས་ས་ཚིགས32ཡོད་པ་དང་། ས་ཚིགས་ཀྱི་སྐོར་ཞིབ་ལས་དོན་ཕན་འབྲས་ཀྱིས་ཡན་ལག་ཅུས་ཀྱི་སྤྱི་ཡོངས་བདེ་འཇགས་འཁོར་སྐྱོད་ཆུ་ཚད་མཐོ་རུ་གཏོང་རྒྱུར་གནད་འགག་གི་ནུས་པ་ཐོན་ཡོད། 2020ལོའི་ལོ་སྟོད་ཀྱི་སྒྲིག་ཆས་དུས་ཚིགས་བརྗེ་བའི་ལས་ཀའི་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ་ད་ཐེངས་ཀྱི་སྐོར་ཞིབ་ལས་དོན་གྱིས་རྐང་ཚ་དང་གཏེར་ལེན་ཁ། གོར་མོ་བཅས་ཀྱི་ཟློས་ཕྱོད་མཐོ་བའི་རྒྱང་འཛིན་སྟེགས་བུ་དང་དེ་བཞིན་གཏེར་ལེན་ཁ་གནམ་ཐང་དང་ཚྭ་ཁའིADS-Bས་ཚིགས་ལ་དུས་ཚིགས་བརྗེ་བའི་སྲུང་སྐྱོང་ལས་དོན་རིམ་བཞིན་ལེགས་སྒྲུབ་བྱས་པ་རེད།
         དེའི་ནང་རྐང་ཚའི་ས་ཚིགས་ཤིས་ཨན་ཆུས་ཀྱིས་དོ་དམ་བྱེད་མང་བའི་གྲབས་སྤྱོད་འགུལ་ཚད་ལ་ཉེ་ཆར་གློག་སྐུད་དང་གློག་གི་འགོག་རྐྱེན་མེད་པའི་གྲལ་བཤེར་བྱ་རྒྱུ་དེ་ད་ཐེངས་ཀྱི་སྐོར་ཞིབ་ལས་དོན་གྱི་གཙོ་གནད་དུ་གྱུར་ཡོད་ཅིང་། ད་ཐེངས་ཀྱི་སྐོར་ཞིབ་ཚོགས་ཆུང་གིས་ས་གནས་སྐུད་མེད་གློག་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་མི་སྣ་དང་མཉམ་འབྲེལ་བྱས་ཏེ་རྐང་ཚའི་ས་ཚིགས་ཀྱི་མཐའ་འཁོར་གྱི་གློག་ཁབ་ལེན་གྱི་ཁོར་ཡུག་ལ་ཚོད་ལྟ་དང་གྲལ་བཤེར་བྱས་པ་དང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འགུལ་ཚད་ག་གེ་མོ་ཞིག་གི་འཕེན་གཏོང་བྱེད་ཚད་ཕྱེད་ཀ་དམའ་རུ་བཏང་རྗེས་ཤིས་ཨན་ཆུས་ཀྱི་དོ་དམ་དང་བརྙན་ལམ་ལ་འགོག་རྐྱེན་བཟོ་བའི་གནས་ཚུལ་མེད་པར་བཟོས་པ་རེད། ད་ཐེངས་ཀྱི་སྐུད་མེད་གློག་འཕྲིན་གྱི་འགལ་རྐྱེན་གྲལ་བཤེར་བྱས་པ་བརྒྱུད་རྐང་ཚའི་ལས་ཁུངས་ཀྱི་མཐའ་འཁོར་གྱི་གློག་ཁབ་ལེན་གྱི་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པ་ཤེས་རྟོགས་བྱུང་བས་སླད་ཕྱིན་མུ་མཐུད་དོ་སྣང་བྱེད་དགོས་ཀྱི་ཡོད་པ་རེད། 
         དེ་དང་ཆབས་ཅིག་ད་ཐེངས་ཀྱི་སྐོར་ཞིབ་ལས་དོན་གྱིས་དུས་ཚིགས་རང་བཞིན་གྱི་གནམ་གཤིས་འགྱུར་ལྡོག་གི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྐོར་ཞིབ་ཚོགས་ཆུང་གིསH15མཁའ་ལམ་གྱི་ཟློས་ཕྱོད་མཐོ་བ་དང་ADS-Bས་ཚིགས་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་དང་སྲུང་སྐྱོང་གཏིང་ཟབ་བྱས་ཏེ་སྒྲིག་ཆས་ཀྱི་དཔྱད་གྲངས་ལ་ཚད་ལེན་ཚོད་ལྟ་དང་ཇེ་ལེགས་སུ་བཏང་བ་དང་། གནད་དོན་ཤེས་རྟོགས་ཐུབ་རྗེས་ཡུལ་དངོས་སུ་རེ་རེ་བཞིན་ཐག་གཅོད་བྱས་ནས་སྒྲིག་ཆས་འཁོར་སྐྱོད་མ་བྱུང་གོང་སྔོན་འགོག་ཐུབ་པ་བྱས་ཏེ་སྒྲིག་ཆས་བདེ་བླག་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་པ་རེད། 
         སྐོར་ཞིབ་ཚོགས་ཆུང་གིས་ད་དུང་འཛུགས་སྐྲུན་བྱེད་བཞིན་པའི་ཚྭ་ཁ་ཕྱོགས་སྟོན་ས་ཚིགས་སུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་འབྲེལ་ད་ལོའི་རྗེས་སུ་སྒྲིག་ཆས་བཟོ་རྩལ་སྒྲིག་སྦྱོར་དང་ཐོན་སྐྱེད་སྒོ་དབྱེ། འཁོར་སྐྱོད་དོ་དམ་སོགས་ཐད་ཀྱི་འབྲེལ་ཡོད་བསམ་འཆར་དང་བླང་བྱ་བཏོན་པ་རེད། 
         ད་ཐེངས་མཚོ་སྔོན་ཁོངས་གཏོགས་ཁུལ་གྱི་H15མཁའ་ལམ་དང་ས་ཚིགས་ཀྱི་སྐོར་ཞིབ་དུས་ཡུན་ཉིན4ཡིན་པ་དང་། རླངས་འཁོར་བཏང་ནས་སྤྱི་ལེ2000ལྷག་ཙམ་བསྐྱོད་པ། ས་བབ་མཐོ་ཚད་སྨི4768ཟིན་པའི་ཁུ་ནུ་རི་བོ་བརྒལ་བ་བཅས་སྐོར་ཞིབ་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱས་ཏེ་ནུབ་བྱང་གི་མཁའ་ལམ་དོ་དམ་གྱི་མཁའ་ལམ་འགྲུལ་བཞུད་ལ་ལག་རྩལ་གྱི་གཞོགས་འདེགས་འགན་ལེན་གང་ལེགས་གནང་ཡོད་པ་རེད།