དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བྲག་དཀར་རྫོང་གི་འབྲིའི་འོ་མ་མཚོ་སྔོན་ནས་ཀྲུའུ་ཧའེ་ཕྱོགས་སུ་བསྐྱོད་པ།

སྤེལ་དུས 2020-05-29 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཧའོ་ཧྲིན210ཅན་གྱི་འབྲིའི་འོ་མ་དམ་བུ་གང་ལ་སྒོར་ག་ཚོད་དགོས་སམ། འབྲོག་ཁུལ་དུ་འབྲིའི་འོ་མ་ལས་སྣོན་མ་བྱས་གོང་སྒོར5ཡན་མིན་མོད། འོན་ཀྱང་བྲག་དཀར་རྫོང་གིས་ཐོན་ལས་སྐྱེད་སྲིང་དང་། ལས་ཚབ་མངགས་བཅོལ་བྱེད་པ། དྲ་ཐོག་ཚོང་དོན་གཉེར་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད་འབྲི་གཡག་གི་འོ་མ་ཧའོ་ཧྲིན210ལ་སྒོར25རེག་གི་ཡོད་པ་རེད།
          བྲག་དཀར་རྫོང་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་གནས་པ་དང་མཐོ་གྲང་རྩྭ་ཐང་གིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འབོར་ཆེན་གསོ་སྐྱོང་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་འགྱེད་ཁྲོད་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་ལེན་ཞིབ་རྩིས་ནན་ཏན་བྱས་པ་བརྒྱུད། འབྲིའི་འོ་མའི་ཟུར་སྣོན་རིན་ཐང་ཚགས་ཤ་ལས་ཆེས་ཆེར་མཐོ་བ་ཤེས་རྟོགས་བྱུང་བས་དེ་ནི་ཕན་འབྲས་ཧ་ཅང་ཆེ་བའི་མང་ཚོགས་ཀྱི་འབབ་འཕར་ཕན་སྐྱེད་དང་། དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བ་བཅས་ཀྱི་ཐོན་རྫས་ཡག་པོ་ཞིག་རེད།
          འབྲིའི་འོ་མའི་ཐོན་ལས་རྒྱ་ཆེན་དང་སྟོབས་ཆེན་དུ་གཏོང་ཆེད། བྲག་དཀར་རྫོང་གིས་མཚོ་སྔོན་གངས་རྩེ་འབྲིའི་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་ལས་བྱས་ནས“སྲིད་གཞུང་།+ཁེ་ལས།+མཉམ་ལས་ཁང”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད་ལ། དེ་དང་ཆབས་ཅིག་སྲིད་ཇུས་བཏོན་ནས་འབྲོག་པ་མང་ཚོགས་ཀྱིས་འབྲིའི་འོ་མ་ཕྱིར་ཚོང་བྱེད་པའི་ཧུར་སེམས་ཆེ་རུ་བཏང་སྟེ་འོ་མའི་ཡོང་ཁུངས་བརྟན་པོ་ཡོང་བར་བྱས་པ་རེད།
          2018ལོར། བྲག་དཀར་རྫོང་ནི་རྒྱལ་ཁབ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་ཁོངས་སུ་བཅུག་རྗེས་རྣམ་གྲངས་ལག་བསྟར་ཁེ་ལས་མཚོ་སྔོན་ཚགས་པར་ལས་རིགས་འགྲེམས་སྤེལ་ཟོག་འགྲེམས་ཚད་ཡོད་ཀུང་སི་དང་སླར་ཡང་འོ་མའི་ཐོན་ལས་དེ་དྲ་ཐོག་ཚོང་དོན་གྱི་ཐོན་རྫས་གཙོ་བོར་བྱ་རྒྱུའི་གྲོས་མོལ་བྱས་ནས། བྲག་དཀར་རྫོང་གི་ལས་རིགས་གཙོ་བོ་མངོན་གསལ་དོད་པ་དང་། ལས་རིགས་མང་བའི་ཐོན་ལས་ཀྱི་བཀོད་པ་ཆགས་པར་བྱས། རྣམ་གྲངས་ལག་བསྟར་གྱི་གཙོ་གནད་དེ་གློག་རྡུལ་ཚོང་དོན་ཞབས་ཞུ་དང་། ཟོག་འགྲེམས། གསོ་སྦྱོང་། ཐོན་རྫས་ཚད་ལྡན་ཅན། ཐོན་རྫས་གཉེར་ཚོང་། དེ་བཞིན་གོང་སྤེལ་སོགས་ཀྱི་མ་ལག་འཛུགས་སྐྲུན་ཐོག་ནས། ཞིང་ཆེན་དང་རྫོང་གི་ཟོག་འགྲེམས་འཁོར་རྒྱུག་ལྟེ་གནས1དང་། རྫོང་རིམ་པའི་མྱུར་སྐྱེལ་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས1གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཞབས་ཞུའི་ས་ཚིགས31བཅས་བསྐྲུན་པ་དང་། “ཞིན་ཧའེ་ཞིན”དང་། “ཏ་ཧྥེ་ཁྲོན” “ཏ་ཧྥེ་ཁྲོན་གནའ་མཁར”བཅས་ཚོང་རྟགས་གསུམ་ཐོ་འགོད་བྱས་ཡོད་ལ། “ཆིང་ཆིང་ཧའེ”རྟགས་ཅན་སྤྱོད་པའི་དབང་ཆ་སྤྲད་ནས་ནང་གསེས་དོན་ཚན13གྱི་ཐུམ་སྒྲིལ་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་བྱས་ནསSCཡི་དཔང་དངོས་བདེན་པ་ཡིན་པའི་ཚད་གཞི་ཅན་གྱི་གློག་རྡུལ་ཚོང་དོན་ཐོན་རྫས11གསར་སྤེལ་བྱས་ཡོད་པ་དང་། མཚོ་སྔོན་གངས་རྩེ་འབྲིའི་འོ་ལས་ཚབ་བྱེད་པར་མངགས་བཅོལ་བྱས་པའི་བྲག་དཀར་རྫོང་གི་འབྲིའི་འོ་མའི་མུ་འབྲེལ་ཐོན་རྫས2019ལོའི་ཟླ11པར་ཁྲོམ་རར་བཏོན་པ་རེད།
          ཐོན་རྫས་གསར་པ་ཁྲོམ་རར་བཏོན་རྗེས། མཚོ་སྔོན་ཚགས་པར་ལས་རིགས་འགྲེམས་སྤེལ་ཟོག་འགྲེམས་ཚད་ཡོད་ཀུང་སིས་ཏང་གི་ཚགས་པར་དང་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་ཡོངས་ཚགས་པར་ལས་རིགས་ཀྱི་དྲ་ཐོག་ཚོང་དོན་ལ་བྲག་དཀར་རྫོང་གི་འབྲིའི་འོ་མ་གཙོ་གནད་ཐོག་འོས་སྦྱོར་བྱས་པ་དང་། དྲ་ཐོག་ཚོང་དོན་གྱི་སྤྱིའི་ལས་ཚབ་ལ་མིང་རྟགས་བཀོད་ནས་རྒྱལ་ཡོངས་ཀྱི་གྲགས་ཅན་དྲ་ཐོག་ཚོང་དོན་ལས་སྟེགས13དུ་ཕྱིར་ཚོང་བྱས། མཚོ་སྔོན་ཐེན་ལུའུ་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སི་ནང་འདྲེན་བྱས་ནས་ཐུན་མོང་ཐོག་འབྲིའི་འོ་མའི་ཐོན་རྫས་གསར་སྤེལ་བྱས་ཏེ། དྲ་ཐོག་སྐད་གྲགས་ཅན་གྱི་ཐད་གཏོང་ཚོང་ཟོག་འཁྱེར་བའི་བྱེད་སྒོ་སྤེལ་ནས་བྲག་དཀར་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རྒྱབ་སྐྱོར་མཁན་དང་མཉམ་འགུལ་བྱས་ནས་འབྲིའི་འོ་མ་སོགས་བྲག་དཀར་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་ལ། 《བྲག་དཀར་རྫོང་གི་འབྲིའི་འོ་མའི་ཐོན་ལས་འཕེལ་རྒྱས་དང་ཚོང་གཉེར་འཆར་འགོད་རྩ་གནད》གཏན་འབེབས་བྱས་པ། དེ་བཞིན་ཧྲིན་ཀྲིན་དང་ཀྲུང་ཧྲན་སོགས་ས་ཁུལ14ཡི་ལས་ཚབ་ཚོང་པ་དང་ཐོན་རྫས་ཕྱིར་ཚོང་གི་གྲོས་མཐུན་བཞག་ནས་བྲག་དཀར་རྫོང་གི་འབྲིའི་འོ་མ་མཚོ་སྔོན་ནས་ཀྲུའུ་ཧའེ་དང་རྒྱལ་ཡོངས་ཀྱི་ཁྲོམ་རར་བྲིན་ཁ་རྒྱུག་པ་དང་། 2019ལོར་འོ་རྐྱང་གཅིག་པུ་ཏུན11ཉོ་སྒྲུབ་བྱས་པ་རེད།
          འབྲི་མོའི་འོ་མ་ཕྱིར་ཚོང་བྱས་པ་དེས་བྲག་དཀར་གྱི་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས། གྲོ་མ་དང་། པད་ཁའི་སྣུམ། ཤ་མོ་སེར་པོ། དབྱར་རྩྭ་དགུན་འབུ། འབྲི་ཏ་ས་འཛིན་སོགས་ཀྱི་ཐོན་རྫས་དྲ་ཐོག་ཚོང་དོན་ཟི་ལིང་དང་དེ་བཞིན་ནང་སའི་ཁྲོམ་རར་བཏོན་པ་དང་ཆབས་ཅིག 2019ལོར་རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི927.7ལ་སླེབས་པ་དང་། ལོ་གོང་མ་ལས་ལྡབ30ཙམ་འཕར་ནས་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་མཁོ་སྤྲོད་སྦྲེལ་ཐག་གི་དྲ་ཐོག་ཚོང་དོན་རྣམ་པ་དང་དེ་བཞིན་ཞིང་འབྲོག་ཐོན་རྫས་བྲིན་ཚོང་མ་ལག་རགས་ཙམ་ཆགས་ཡོད་པ་རེད། །