དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སུམ་བྷ་སྡེ་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པའི་ཡིད་དབང་ཕྲོགས་པ།

སྤེལ་དུས 2020-05-29 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           ཟླ5པའི་ཚེས1ཉིན། ནམ་མཁའ་གཡའ་དག་ཅིང་བསིལ་རླུང་འཇམ་པོར་ལྡང་བའི་སུམ་བྷ་སྡེ་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད། གུང་གསེང་གི་ཉིན་དང་པོར་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཞང་སུམ་བྷ་སྡེ་བའི་སྐལ་བཟང་མེ་ཏོག་ཡུལ་སྐོར་ལྗོངས་ཁུལ་དུ་སོང་། ལྗོངས་ཁུལ་དེར་ཐོན་པ་ན། སྔོ་བསངས་བསངས་ཀྱི་རྨ་ཆུ་མིག་མདུན་དུ་དལ་གྱིས་བཞུར་བ་དང་། བགྲང་གིས་མི་ལང་བའི་བྱ་ངང་པ་ཁྱུ་དང་ཁྱུ་བྱས་ཏེ་སྟོང་བའི་མཁའ་དབྱིངས་སུ་ལྡིང་འཁོར་རྒྱག་པའམ་ཡང་ན་ཆུ་ནང་དུ་རྩེད་འཇོར་རོལ་བཞིན་གདའ། དེ་ནས་མར་སོང་བ་ན། བོད་ལུགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྡེ་བ་དང་སིག་སིག་གི་སྒྲ་འབྱིན་པའི་ཤིང་ཟམ། ཀྲོང་ངེར་འགྱིང་བའི་གནའ་བོའི་ཤིང་སྡོང་། ཤག་ཤག་ཏུ་བཞུར་བའི་དྭངས་གཙང་གི་ཆུ་མགོ་སོགས་ཀྱིས་ཡུལ་དེ་ལྷག་ཏུ་མཛེས་པར་བརྒྱན་འདུག ཡུལ་སྐོར་པ་རྣམས་གཅིག་འཕྲོར་གཅིག་ཏུ་མཚམས་མ་ཆད་པར་ཡར་མར་དུ་བསྐྱོད་པ་དང་། ཁོ་ཚོ་འཆམ་འཆམ་བྱེད་པ་དང་པར་ལེན་པ། ཤ་སྲེག་པ། གླེང་མོལ་བྱེད་པ། རྩེད་འཇོར་རོལ་ནས་རང་བྱུང་ཁམས་སམ་མཛེས་ལྗོངས་ལ་ཉེ་བར་བཅར་བཞིན་གདའ། སུམ་བྷ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅོད་པ་ཚེ་རིང་གིས། “སྡེ་བའི་ལྗོངས་ཁུལ་ལ་སྒོ་གླ་ལེན་བཞིན་མེད། ཡུལ་སྐོར་པ་མང་ཆེ་བ་ཟི་ལིང་དང་རང་ཡུལ་ནས་ཡོང་བའི་མི་རེད། དེ་རིང་ལྗོངས་ཁུལ་གྱིས་བསྡོམས་པས་རླངས་འཁོར500དང་ཡུལ་སྐོར་པ་མི་ཐེངས2500སྣེ་ལེན་བྱས་ཡོད”ཟེར།
           རྒྱུས་ལོན་པ་ལྟར་ན། 2016ལོའི་ཡར་སྔོན་དུ། སུམ་བྷ་སྡེ་བས་གཙོ་བོ་སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་སྤེལ་འཕེལ་རྒྱས་སུ་བཏང་བ་རེད། ད་ལྟ། སུམ་པ་སྡེ་བས་རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་འཛིན་ལུང་དུ་བརྩིས་པ་དང་། “ཏང་ཀྲི་པུའུ+མཉམ་ལས་ཁང+དུད་ཁྱིམ”གྱི་དཔེ་དབྱིབས་ལ་བརྟེན་ནས། ས་བབ་དང་མཐུན་པའི་ཞིང་སྡེ་ཡུལ་སྐོར་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་ཞིང་། ནགས་བརྟེན་དཔལ་འབྱོར་ཤུགས་ཆེན་པོས་སྐྱེད་སྲིང་བྱས་ཏེ། སྐྱེ་ཁམས་གཞིས་ཆགས་ཀྱི་མཛེས་སྡུག་སྡེ་བ་བསྐྲུན་ནས། རང་ཡུལ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཡོང་སྒོ་སྤར་ཞིང་ཕྱུག་པོར་བསྒྱུར། །