དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

【བོད་ལྗོངས་དྲ་བའི་གསར་འགོད་པ་ཡུལ་དངོས་སུ་བསྐྱོད་པ】དབང་པོ་སྐྱོན་ཅན་ལས་ཞུགས་ལ་རོགས་རམ་བྱེད་མཁན་ཕ་བུ་གཉིས་ཀྱི་གཏམ་རྒྱུད།

སྤེལ་དུས 2020-06-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2015ལོའི་ཟླ6པར་བཙུགས་པའི་ཁྲི་ཀ་རྫོང་ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཆོས་རྒྱལ་གྲོང་ཚོར་ཆགས་ཡོད་ཅིང་ད་ལྟ་ལས་མི38ཡོད་ལ། དེའི་ནང་དབང་པོ་སྐྱོན་ཅན23དང་སྤྱི་ཚོགས་ཐོག་གི་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་དཀྱུས་མ14ཡོད་པ། དེ་དག་གི་ལས་སྒོའི་ཁྱབ་ཁོངས་གཙོ་བོ་ནི་དབང་པོ་སྐྱོན་ཅན་གྱི་བཅོལ་སྐྱོང་དང་ལས་ཞུགས་གསོ་སྦྱོང་། བོད་བཟོའི་ཁྱིམ་ཆས་གསར་བཟོ་དང་ཕྱིར་འཚོང་། ཤིང་གི་བརྐོས་རིས་སོགས་རེད། 
འདི་ནི་ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིའི་སྒོ་ཆེན་རེད།
        ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིའི་སྲོལ་འབྱེད་པ། སྤྱི་གཉེར་པ་འཇིགས་བྱེད་ཚེ་རིང་གི་ཨ་ཕ་ནི་ད་ལོ་ལོ62ཡིན་ལ་དབང་པོ་སྐྱོན་ཅན་གྱི་ཤིང་བཟོ་ཞིག་ཀྱང་རེད། 
        ཨ་ཕ་ནི་མི་རྣམས་ཀྱིས་བརྩི་བཀུར་བྱེད་པའི་ཤིང་བཟོ་ཞིག་རེད་མོད། དེ་ལྟར་ནའང་ཨ་ཕ་ གཅིག་པུའི་ཡོང་འབབ་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་ཐབས་མེད་སྟབས་འཇིགས་བྱེད་ཚེ་རིང་སློབ་ཆུང་མཐར་ཕྱིན་རྗེས་མུ་མཐུད་སློབ་གྲྭར་མ་འགྲིམས་པར། ཨ་ཕ་དང་འགྲོགས་ནས་ལག་རྩལ་སྦྱངས་འགོ་བརྩམས་ཤིང་། 2013ལོ་བར་རང་ཚུགས་ཀྱིས་ཀུང་སི་བཙུགས་པ་རེད། ཨ་ཕ་ལགས་དབང་པོ་སྐྱོན་ཅན་ཡིན་པའི་དབང་གིས། ཁོས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་དཀའ་ངལ་ལ་མྱོང་ཚོར་ཟབ་མོ་བྱུང་ནས་དེ་དག་ལ་བྱ་བ་ཞིག་སྒྲུབ་འདོད་ཡོད། 2013ལོར་འཇིགས་བྱེད་ཚེ་རིང་གི་ཀུང་སིས་དབང་པོ་སྐྱོན་ཅན་དང་ལེན་བྱེད་འགོ་བརྩམས་ཤིང་། ཁོ་ཚོར་རྩལ་ནུས་ལག་རྩལ་གསོ་སྦྱོང་བྱས་ནས་རང་ཁ་རང་གསོ་ཐུབ་ཏུ་བཅུག་པ་རེད། 
འདི་ནི་འཇིགས་བྱེད་ཚེ་རིང་དང་ཁོའི་ཨ་ཕ་རེད།
འདི་ནི་ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིའི་ལས་སྣོན་ས་ཁུལ་གྱི་རྣམ་པ་རེད། 
        འཇིགས་བྱེད་ཚེ་རིང་གི་ཀུང་སིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛིན་གྱི་ཡོད་ཅིང་། དུས་ཀུན་ཏུ་མི་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་དང་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། ཐོན་སྐྱེད་ཀྱི་ཆ་རྐྱེན་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཧུར་ཐག་བཏང་ནས་དབང་པོ་སྐྱོན་ཅན་གྱི་རིག་གནས་ཆུ་ཚད་དང་ངལ་རྩོལ་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག དབང་པོ་སྐྱོན་ཅན་གྱིས་རང་ནུས་གང་ལྕོགས་ཀྱིས་ལུས་ཤུགས་ངལ་རྩོལ་འགའ་རེ་བྱེད་ཐུབ་པ་བྱས་ཏེ་རང་ཁ་རང་གསོ་དང་ལས་མང་ཐོབ་མང་གི་ཕན་པ་ཐོབ་མཁན་ཞིག་ཏུ་གྱུར་ནས“མི་གཅིག་ལ་མངགས་བཅོལ་བྱེད་པ་དང་ཁྱིམ་ཚང་གཅིག་ལ་བཅིངས་འགྲོལ་གཏོང་བ། ཡུལ་དེའི་མི་ལ་བདེ་སྐྱིད་བསྐྲུན་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་ཁག་གི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དང་ཀུང་སིའི་ལས་བཟོ་པ་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ལོ་རེར་འཕེལ་རྒྱས་བཏང་བ་བརྒྱུད་གཞི་ཁྱོན་ཅན་གྱི་བོད་བཟོའི་ཁྱིམ་ཆས་ལས་སྣོན་བཟོ་གྲྭ་བསྐྲུན་པ་རེད། 
འདི་ནི་ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁྱིམ་ཆས་རེད།
འདི་ནི་ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁྱིམ་ཆས་རེད།
འདི་ནི་ལས་སྣོན་བཟོ་གྲྭར་ལས་ཀ་བྱེད་ཀྱིན་པའི་ལས་བཟོ་བ་རེད། 
        གསར་འགོད་པ་ཁྱིམ་ཆས་བཟོ་གྲྭར་ནན་ཏན་གྱིས་བྱ་བ་སྒྲུབ་ཀྱིན་པའི་གནམ་ལྷ་རྒྱལ་གྱི་གམ་དུ་འགྲོ་དུས། ཁོ་རང་གིས་འཁར་བར་རྟེན་ནས་དལ་གྱིས་ལངས་ཏེ་འཚམས་འདྲི་བྱས། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། ཁོ་ནི་སྔོན་ཆད་འཕྲང་དམར་གྲོང་རྡལ་ཉེ་འདབས་ཀྱི་སྟག་རིག་སྡེ་བར་ཡོད་ལ་ཁྱིམ་དུ་ཁོ་རང་གཅིག་པུ་ལས་མེད་ཅིང་འཚོ་བ་དཀའ་ཁག་ཆེ་པོ་རེད། ད་ལོ་ལོ་ན56ལ་སླེབས་པའི་ ཁོས2015ལོ་ནས་བཟུང་ཁྲི་ཀ་རྫོང་ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིར་ལས་ཀ་བྱས་ནས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས། ཁོ་རང་འཛུམ་དམུལ་དམུལ་ངང“ད་ལྟ་ང་ཚོ་སྦྱིན་བདག་དང་མཉམ་དུ་བསྡད་པ་དང་མཉམ་དུ་ཟ་མ་ཟ་བ། ཟླ་རེར་གླ་ཕོགས་སྒོར2300ཡོད་པ་མ་ཟད་དུས་ཆེན་དང་ངལ་གསོའི་དུས་སྐབས་རེ་རེར་སླེབས་དུས། ཀུང་སིའི་སྦྱིན་བདག་གིས་ང་ཚོར་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་ཡང་སྤྲོད་ཀྱི་ཡོད་པས་ཧ་ཅང་ཡིད་ཚིམ་པོ་འདུག”ཟེར། 
འདི་ནི་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱེད་ཀྱིན་པའི་གནམ་ལྷ་རྒྱལ་རེད།
འདི་ནི་རྐུབ་སྟེགས་བརྡར་བཞིན་པའི་རྨོ་མོ་ལགས་རེད། 
        ཀུང་སིས2015ལོའི་ཟླ5པ་དང་ཟླ10པར་ཁྲི་ཀ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་རིམ་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་རྟེན་གཞི་དང་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་རྟེན་གཞིར་མིང་བཏགས་པ་དང་། 2017ལོར་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་དང་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་རིམ་པའི་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་དཔེ་སྟོན་རྟེན་གཞིར་མིང་བཏགས་པ། 2017ལོར་ཀུང་སིའི་ཁྲིམས་འཛིན་མི་སྣ་ལྷ་མཆོག་ལ་རྫོང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས“རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་རང་འབད་ལས་གཏོད་ཀྱི་དཔེ་བཟང”མཚན་སྙན་གནང་པ། 2018ལོའི་ཟླ5པར་ཀུང་སིའི་སྤྱི་གཉེར་པ་འཇིགས་བྱེད་ཚེ་རིང་ལ་ཞིང་ཆེན་སྲིད་གཞུང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས“མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་མི་སྣའི་གཟེངས་རྟགས”སྤྲད་པ་རེད།
        ཤར་ཕྱོགས་དབང་པོ་སྐྱོན་ཅན་ཕན་བདེ་ཚད་ཡོད་ཀུང་སིས་བློ་གཅིག་སེམས་གཅིག་གིས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་གི་འགན་འཁྲིར་བརྩིས་ཤིང་། སྲོལ་རྒྱུན་གྱི་དུས་ཆེན་དང་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་སྤེལ་རིང་འཚམས་འདྲི་དང་དྲོ་སྐྱིད་སྐྱེལ་བའི་བྱེད་སྒོ་ཐེངས་མང་སྤེལ་བ་དང་། ཀུང་སིའི་འགན་འཁུར་བས་རྟག་ཏུ་དབང་པོ་སྐྱོན་ཅན་གྱི་ཁྱིམ་དུ་ཡོང་ནས་དབང་པོ་སྐྱོན་ཅན་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ།གཟུགས་པོའི་བདེ་ཐང་གནས་ཚུལ་ཤེས་རྟོགས་བྱས་ཏེ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད་ལ། 2017ལོ་ནས་བཟུང་ཀུང་སིས་ལོ་རེར་བོད་བཟོའི་ཁྱིམ་ཆས་བཟོ་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་གཉེར་གྱི་ཡོད། གསོན་ཉམས་དོད་པའི་རིགས་པའི་གཞུང་ལུགས་འཆད་ཁྲིད་དང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་བཀོལ་སྤྱོད་ལ་བརྟེན་ནས་ལས་བཟོའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་སྟེ་ཚང་མའི་སྣེ་ཁྲིད་དེ་ཕྱར་བ་གྲུ་འདེགས་ངང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡོད་པ་རེད།