དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཡུལ་ཤུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡི་གློག་ཁུངས་རྐྱང་པ་དང་སྐུད་ལམ་རྐྱང་པའི་གློག་འདོན་ལོ་རྒྱུས་མཇུག་འགྲིལ་བ།

སྤེལ་དུས 2020-06-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཟླ6པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ལས་གྲྭའི་གཙོ་གནད་འགག་སྒྲོལ་ས་ཁུལ་ཡིན་པའི་ཡུལ་ཤུལ་ས་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་གློག་དྲའི་རྣམ་གྲངས187ཚང་མ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡི་གློག་ཁུངས་རྐྱང་པ་དང་སྐུད་ལམ་རྐྱང་པའི་གློག་གཏོང་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
            ཡུལ་ཤུལ་གློག་དྲའི་འཕེལ་རྒྱས་ཅུང་འཕྱི་བ་དང2013ལོའི་ཟླ6པར་རྒྱལ་ཁབ་གློག་དྲ་ཀུང་སིས་ཡུལ་ཤུལ་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་ཡུལ་ཤུལ་གློག་དྲ་དངོས་སུ་མཚོ་སྔོན་གྱི་གློག་དྲ་ཨ་མ་དང་སྦྲེལ་མཐུད་བྱས་ལ། ཡུལ་ཤུལ་ས་ཁུལ་གྱི་མང་ཚོགས་ཁྲི40ལྷག་ཙམ་གྱི་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད། 2015ལོར་ཡུལ་ཤུལ་ནུབ་རྒྱུད་ཀྱི་རྫོང་གསུམ་གྱི་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། འབྲི་སྟོད་དང་། ཆུ་དམར་ལེབ། རྫ་སྟོད་བཅས་ལ་སྟོང་ཝ110ཟིན་པའི་གློག་སྒྱུར་ས་ཚིགས3གསར་སྐྲུན་བྱས་ཡོད། གློག་དྲ་ཆེན་པོས་ཡུལ་ཤུལ་དེ་གསལ་བར་བྱས་པ་དང་། དེ་བས་ཀྱང་གནོད་སྐྱོན་བྱུང་རྗེས་ཀྱི་ཡུལ་ཤུལ་གསར་པ་འཛུགས་སྐྲུན་བྱེད་པར་གློག་ཤུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་མོད། འོན་ཀྱང2018ལོའི་སྔོན་དུ། ཡུལ་ཤུལ་ས་ཁུལ་གྱི་གློག་སྒྱུར་ས་ཚིགས་ཚང་མ་གློག་སྒྱུར་རྐྱང་པས་གློག་མཁོ་འདོན་བྱེད་ཀྱིན་ཡོད་ལ། གློག་མཁོ་འདོན་གྱི་བློས་འགེལ་རང་བཞིན་ཞན་པ་དང་ས་ཁུལ་དུ་དུས་རྒྱུན་གློག་ཆད་པའི་གནད་དོན་ཡང་ཡང་ཐོན་གྱི་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་ཤུལ་ནས་ཁྲི་འདུའི་སྟོང་ཝ110ཡི་གློག་གཏོང་ལམ་ཐིག་ཐེངས་གཉིས་ལས་གྲྭ་ནི་ཡུལ་ཤུལ་ས་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ཁྲོད་དཀའ་ངལ་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཀྱི་རྣམ་གྲངས་ཤིག་རེད། ལས་གྲྭ་དེ་སྨི5310ཡོད་པའི་ཅོ་ཞང་རི་བོ་བརྒལ་ནས་ལས་གྲྭའི་ལམ་རྒྱུད་ཀྱི་གནམ་གཤིས་ཞན་པ་དང་ཁོར་ཡུག་དཀའ་ཚེགས་ཆེན་པོ་ཡོད།
            ཡུལ་ཤུལ་ནས་ཁྲི་འདུའི་སྟོང་ཝ110ཡི་གློག་གཏོང་ལམ་ཐིག་ཐེངས་གཉིས་ལས་གྲྭའི་ཨང2པའི་གཙོ་སྒྱུར་ལ་གློག་གསོག་པ་མ་ཟད་འཁོར་སྐྱོད་ལེགས་གྲུབ་བྱུང་བ་དང་བསྟུན་ནས། ཡུལ་ཤུལ་ས་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་གློག་དྲའི་རྣམ་གྲངས187ཚང་མ་སྤྱོད་འགོ་ཚུགས་ནས་ཡུལ་ཤུལ་ས་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ། ནང་ཆེན། འབྲི་སྟོད། ཆུ་དམར་ལེབ་སོགས་རྫོང5ཡི་གློག་མཁོ་འདོན་གྱི་བློས་འགེལ་ཆོག་པའི་རང་བཞིན་ཞན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད་ལ། ཞིང་འབྲོག་མང་ཚོགས་ལ“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་ཐུབ་པར”མངོན་འགྱུར་བྱུང་བ་མ་ཟད། ཡུལ་ཤུལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། །