དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཀ་ཤུལ་སྡེ་བའི་འཕོ་འགྱུར།

སྤེལ་དུས 2020-06-28 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི་ཟླ6པའི་ཚེས20ཉིན་པར་བླངས་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་རྣམ་པ་རེད།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་སྡེའིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཀ་ཤུལ་སྡེ་བས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། གྲོང་ཚོ་ཡོངས་ལ་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་བསྒྱུར་བཀོད་བྱས་པ་རེད། བོད་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་གདོད་མའི་སྐྱེ་ཁམས་དང་གྲོང་གསེབ་ཀྱི་རྣམ་པ་སྲུང་འཛིན་བྱེད་པར་མཐོང་ཆེན་བྱེད་པའི་རྨང་གཞིའི་སྟེང་། སྐར་མ་རིམ་པའི་མགྲོན་ཁང་གི་ཚད་གཞི་ནང་འདྲེན་བྱས་ནས་སྡོད་གནས་ཀྱི་སྐྱིད་སྣང་ཇེ་མཐོར་བཏང་། དེ་དང་ཆབས་ཅིག་ཀྲུང་དབྱང་ཐབ་ཚང་གི་ཟས་སྦྱོར་བཀོད་སྒྲིག་དང་། རོལ་མྱོང་། དམངས་སྲོལ་གྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་བཅས་སྤེལ་ནས་གནས་སྐོར་བར་ཡུལ་སྐོར་གྱི་མྱོང་ཚོར་ཟབ་མོ་ལོངས་སྤྱོད་བྱེད་ཐུབ་པ་བྱུང་། 
          རྒྱུས་ལོན་པ་ལྟར་ན། 2019ལོར་ཀ་ཤུལ་སྡེ་བས་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི80སྣེ་ལེན་བྱས་ཏེ། སྡེ་བ་ཡོངས་ཀྱི་འབྲོང་ཁྱིམ་སྤྲོ་སྐྱིད་ཁང52ཡི་ཁྱིམ་ཚང་རེར་ཆ་སྙོམས་སུ་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི3ཡན་ཡོད་པ་དང་། མངའ་ཁོངས་ཡོངས་ཀྱི་གནས་སྐོར་དང་། དབུལ་ཐར་མཁྲེགས་གཏོར། ཁོར་ཡུག་བཅོས་སྐྱོང་། ཞིང་སྡེ་དར་རྒྱས་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་པའི་ལྗང་མདོག་འཕེལ་རྒྱས་ལམ་བུ་ལ་བརྟེན་ནས་ས་གནས་དེའི་རོང་འབྲོག་མང་ཚོགས་རྒྱུན་མཐུད་ངང་ཡོང་སྒོ་འཕར་སྣོན་བྱུང་བར་རོགས་སྐྱོར་ཆེན་པོ་བྱས་ཡོད་ཡོད།
འདི་ནི་ཟླ6པའི་ཚེས20ཉིན་པར་བླངས་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་གུར་གྲོང་མཛེས་ལྗོངས་ཁུལ་རེད།
འདི་ནི་ཟླ6པའི་ཚེས20ཉིན་འཁྲབ་སྟོན་པ་འགའ་ཡིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་གུར་གྲོང་མཛེས་ལྗོངས་ཁུལ་དུ་རྩེད་མོ་རྩེ་བཞིན་པའི་ཚུལ་རེད།
འདི་ནི་ཟླ6པའི་ཚེས20ཉིན་པར་བླངས་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་སྡེ་མི་རེད།
འདི་ནི་ཟླ6པའི་ཚེས20ཉིན་པར་བླངས་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་སྡེ་མི་རེད།
འདི་ནི་ཟླ6པའི་ཚེས20ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་མོ་རྒྱལ་གྱིས་རང་ཚང་གི་མགྲོན་ཁང་གཙང་སྤྲ་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ6པའི་ཚེས20ཉིན་པར་བླངས་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་སྡེ་བའི་རྣམ་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།