དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཆུ་མིག་གཅིག་ལས་བྱུང་བའི་མི་རིགས་གསུམ་གྱི་གཏམ་རྒྱུད།

སྤེལ་དུས 2020-06-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
       “ཆུ་འཐུང་གི་འགྲོ།”
       ཕྱི་དྲོའི་ཆུ་ཚོད5པར། ཏག་ཏག་ཉི་མ་ནུབ་རིའི་ཕག་ཏུ་ནུབ་ལ་ཉེ། མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཞི་ཀོའུ་ཞང་ཧྲན་ཀྲོང་སྡེ་འདབས་སུ། ལག་ཏུ་ཆུ་སྣོད་ཆེ་ཆུང་རིགས་མི་འདྲ་བ་བཟུང་ཡོད་པའི་མི་སྐོར་ཞིག་སྡེ་བའི་རྒྱབ་རིའི་མདོ་རུ་སྨན་ཆུ་ལེན་དུ་འགྲོ་བར་བྲེལ།
       དེ་ལས་གཞན་རྒྱབ་རིའི་འདབས་ཀྱི་དེའུ་འབུར་སྟེང་དུ་མི་འགས་སྨན་ཆུ་འཐུང་ཞོར་གདོང་ལ་དགའ་བའི་འཛུམ་དང་བཅས་མཚམས་མེད་པར་ཐལ་མོ་རྡེབ་བཞིན་འདུག ཁོ་ཚོའི་ཁྲོད་དུ་སྐྲ་ལོ་དཀར་པོར་གྱུར་པའི་རྒན་པ་དང་། གཞོན་ཤ་དར་ལ་བབ་པའི་སྟག་ཤར་ཡང་ཡོད། སྡེ་མི་བཀྲ་ཤིས་ཚེ་རིང་གིས་རྒྱ་རིགས་ཀའོ་ཧྭ་དང་མིང་མི་ཐོགས་པའི་ཧུའེ་རིགས་ཨ་ནེ་གཉིས་ཚུར་ཡོང་གི་ཡོད་པ་མཐོང་བའི་མུར། མྱུར་མོར་ཡར་ལངས་ནས་དགའ་བའི་འཛུམ་དང་བཅས་ལག་འཇུ་བྱེད་ཞོར་བསུ་མ་བྱས།
       “ཀའོ་ཧྭ། ཁྱོད་བདེ་མོ།”
       “བདེ་མོ། ཁྱོད་བདེ་མོ།”
       ཁོ་ཚོས་ཕན་ཚུན་ལ་སྟབས་བདེའི་སྒོ་ནས་འཚམས་འདྲི་བྱས་རྗེས། ཡང་བསྐྱར་དེའུ་འབུར་སྟེང་ཙོག་ནས་སྡེ་མི་ཀུན་བཟང་གིས་ཁྱེར་ཡོང་བའི་སྨན་ཆུ་འཐུང་མགོ་བརྩམས།
       “ཨ་ནེ། ཁྱེད་ཀྱི་ལུས་ཕུང་བདེ་མོ་ཡིན་ནམ།”
       “བདེ་མོ་ཡིན། ཁྱོད་བདེ་མོ་ཡིན་ནམ།”
       “ཨ་ལ་ལ། སྨན་ཆུ་དངོས་གནས་ཞིམ་པོ་རེད།”
       བཀྲ་ཤིས་ཚེ་རིང་དང་ཀའོ་ཧྭ། ད་དུང་མིང་མི་ཐོགས་པའི་ཧུའེ་རིགས་ཨ་ནེ་བཅས་ནི་སྡེ་བ་འདིར་འཚོ་སྡོད་བྱས་ནས་ལོ་ངོ་མང་པོ་འགོར་ཡོད། འདི་ལྟར་མི་རིགས་མི་གཅིག་པའི་ཁོ་ཚོ་སྡེ་བ་གཅིག་ཏུ་སྐྱེས་ནས“ཀ་མགོ་ཟད་རག་དང་། ཀ་རྟིང་རུལ་རག་བར”དུ་གྲོགས་པོར་གྱུར་ཅིང་། རིམ་བཞིན་ཕན་ཚུན་ལ་འབྲེལ་འདྲིས་ཇེ་ཟབ་ཏུ་གྱུར་ཏེ“ཁྱོད་ཀྱིས་མི་བཟའ་ན་ངས་མི་འཐུང”ཞེས་པ་ནང་བཞིན་ཁྱིམ་ཚང་གཅིག་གི་ཁྱིམ་མི་ལྟ་བུར་གྱུར་ཡོད།
       མེན་ཧོ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དུ་ཆགས་ཤིང་། ཟི་ལིང་དང་ལན་ཀྲུའུ་གྲོང་ཁྱེར་གཉིས་ཀྱི་སྦྲེལ་མཐུད་ལྟེ་བར་ཡོད་པས་གནའ་ནས་དེང་གི་བར་དཔལ་འབྱོར་གྱི་ལྟེ་བར་གྲུབ་པ་དང་། དེང་སྐབས་མེན་ཧོ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཆེས་མང་བའི་རྫོང་གསུམ་གྱི་གྲས་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་མི་རིགས30ཡི་མི་གྲངས་ཁྲི40ལྷག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བརྩམས་ཤིང་། ཧྲན་ཀྲོང་སྡེ་བའི་རྒྱ་བོད་ཧུའེ་རིགས་བཅས་མི་རིགས་གསུམ་གྱི་འོ་ཆུ་འདྲེས་པ་ལྟ་བུའི་བརྩེ་བའི་གླུ་གཞས་ཀྱི་དབྱངས་རྟ་རེ་རེ་ལུང་པ་དེའི་རུ་ཆུ་ནགས་གསུམ་ལ་ཐིམ་ཡོད།
       མེན་ཧོ་རྫོང་ཞི་ཀོའུ་ཞང་ཧྲན་ཀྲོང་སྡེ་བ་རུ་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་སྨན་ཆུའི་ཆུ་མིག་ཅིག་ཡོད། སྡེ་མི་ཚོས་སྨན་ཆུ་ཁྱེར་ཡོང་ནས་རྒྱབ་རིའི་འདབས་ཀྱི་དེའུ་འབུར་སྟེང་ཙོག་ཅིང་དགའ་དགའ་སྤྲོ་སྤྲོའི་ངང་ཆུ་མིག་དང་འབྲེལ་བའི་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གླེང་བྱུང་།
       ལོ་ངོ་ཉི་ཤུའི་སྔོན་ལ། སྡེ་བའི་རྒྱབ་རིའི་འདབས་ཀྱི་ཆུ་མིག་འདི་སྨན་ཆུར་ངོས་འཛིན་བྱས་པ་ནས་བཟུང་། ཆུ་མིག་ཁར་ཆུ་ལེན་སྐབས་གྲལ་བསྟར་བསྒྲིགས་ནས་ཐོམ་བུ་གཅིག་གིས་ཆུ་བཅུ་བ་ལས། རང་ཁྱིམ་ནས་ཐོམ་བུ་ཁྱེར་ཡོང་སྟེ་གང་འདོད་དུ་ཆུ་བཅུ་བའི་སྲོལ་ཞིག་ཆགས་མེད། དེང་སྐབས། ཁྱིམ་ཚང་རེར་སླེབས་པའི་རང་འབབ་ཆུས་སྐབས་དེའི་སྡེ་མི་ཡོངས་ཀྱི་ཐོམ་བུ་གཅིག་གིས་ཆུ་ལེན་པའི་གོམས་སྲོལ་ལ་འགྱུར་བ་བཏང་ནས་སྨན་ཆུ་ལེན་དུ་འགྲོ་མཁན་ཇེ་ཉུང་དུ་ཕྱིན་ཡོད་མོད། རྒྱུན་པར་དུས་བཞིར་ཆུ་མིག་གི་འགྲམ་དུ་མི་འགའ་འདུས་ནས་སྨན་ཆུ་འཐུང་ཞོར། འདས་ཟིན་ལ་སྤྱི་སྡོམ་དང་མ་འོངས་པར་འཆར་གཞི་འགོད་པའི་སྣང་ཚུལ་ལས་ཧྲན་ཀྲོང་སྡེ་བའི་མི་རིགས་གསུམ་གྱི་མཐུན་སྒྲིལ་གྱི་ཨ་ལུང་དེ་ཆུ་མིག་དང་དམ་པོར་འབྲེལ་ཡོད་པ་ངང་གིས་རྟོགས་ཡོང་།
       བཀྲ་ཤིས་ཚེ་རིང་གིས་སྡེ་བའི་དགུང་ལོ74ལོན་པའི་རྒྱ་རིགས་ཀའོ་ཧྭ་དབང་པོ་སྐྱོན་ཅན་དུ་གྱུར་ནས་རང་གི་བྱིས་པར་གཉོར་སྐྱོང་བྱེད་བཞིན་པ་ཤེས་རྟོགས་བྱུང་བ་ན། རྒྱུན་པར་ཀའོ་ཧྭ་ཚང་དུ་སོང་ནས་ཁྱིམ་ལས་ལས་རོགས་བྱེད་པའམ་བགྲེས་པོ་དང་བྱིས་པར་ཟ་མ་གཡོས་སྦྱོར་དང་སྨན་ཉོ་བ་སོགས་ཀྱི་རོགས་རམ་གནང་བཞིན་ཡོད།
       ལོ་ན80སླེབས་པའི་བོད་རིགས་བགྲེས་པོ་ཡན་ཀྲུང་ཧྥ་ནི་སྡེ་བའི་ནང་གི་མི་ཧྲེང་རྒན་འཁོགས་ཤིག་ཡིན་ལ། སྡེ་བའི་ནང་གི་གནད་ཁེལ་དབུལ་སྐྱོར་བྱ་ཡུལ་གཙོ་བོའི་གྲས་ཀྱང་རེད། ཁྱིམ་མཚེས་ཆའོ་ཁྲིན་རིན་གྱིས་བགྲེས་པོ་ཡན་ཀྲུང་ཧྥ་ལ་བདག་སྐྱོང་བྱས་པའི་དོན་དེར་ཕྱིར་དྲན་བྱེད་དུས། སྡེ་མི་བཀྲ་ཤིས་ཚེ་རིང་གི་གདོང་ལ་སྤོབས་པའི་མདངས་ཤིག་རྒྱས་ཤིང་།“སྡེ་བའི་ནང་གི་མི་རིགས་ཕན་ཚུན་བར་འདི་འདྲའི་འགྲིག་མཐུན་དང་བརྩེ་བ་ཞིག་ཆགས་ཐུབ་པ་ཡིད་ལའང་དྲན་མ་མྱོང་།”མགྲིན་པ་བརྣངས་ཤིང་མིག་མཐར་མཆི་མ་འཁོར་ནས། “སྡེ་མི་ཕན་ཚུན་ལ་རོགས་བྱས་པའི་དུས་ཡུན་འདི་ཉིན་བཅུ་མ་རེད། ཟླ་བཅུ་མ་རེད། ལོ་ངོ་བཅུའི་རིང་ལ་རང་གི་ཁྱིམ་མི་ལྟར་ནངས་དགོང་མེད་པར་བདག་སྐྱོང་བྱས་པའི་མི་སེམས་སྒུལ་བར་བྱེད་པའི་གཏམ་རྒྱུད་འདིར་ནམ་ཡང་གོང་བཀུར་བྱེད་ཀྱིན་ཡོད།”སྡེ་མི་རྣམས་མ་གྲོས་རང་མཐུན་སྒོས་ཡན་ཀྲུང་ཧྥ་ཚང་ལ་ཡོང་ནས་ཁྱིམ་གྱི་ར་སྐོར་གཙང་སྦྲ་བྱེད་པའམ་བགྲེས་པོའི་ལྭ་བ་བཀྲུ་བའི་ལས་ལ་བྲེལ་བའི་སྣང་ཚུལ་ཡང་བགྲང་གིས་མི་ལང་།“ང་ཚོ་སྡེ་བའི་ནང་དུ་ཆ་རྐྱེན་བཟང་པོའི་ཁྱིམ་ཚང་གིས་ཆ་རྐྱེན་ཅུང་ཞན་པའི་ཁྱིམ་ཚང་ལ་རོགས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཀྱང་ཆགས་ཡོད།”
       ཆུ་མིག་ལས་འཕྲོས་པའི་གཏམ་རྒྱུད་ནི་སྡེ་བའི་མི་རིགས་གསུམ་གྱི་མཐུན་སྒྲིལ་གྱི་རྨང་རྡོ་ཡིན་པ་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་རིགས་ཡིན་ལ། སྡེ་དཔོན་བོད་རིགས་ཡིན་པ་དང་། རྩིས་གཉེར་པ་ནི་ཧུའེ་རིགས་ཡིན་པའི་གནས་ཚུལ་ལས་མངོན་གསལ་རེད།
       འདི་ལྟར་ལོ་རེར་མི་རིགས་སོ་སོའི་དུས་ཆེན་ལ་སླེབས་པའི་སྐབས་སུ། བོད་རིགས་དང་རྒྱ་རིགས། ཧུའེ་རིགས་མང་ཚོགས་མཉམ་དུ་འདུས་ནས་དགའ་བའི་བྲོ་དང་སྐྱིད་པའི་གཞས་གཏོང་གིན་ཡོད།
       སྡེ་བ་ཡོངས་སུ་བོད་རིགས་དང་རྒྱ་རིགས། ཧུའེ་རིགས་བཅས་ཀྱིས་གྲུབ་པའི་དབུལ་ཕོངས་ཁྱིམ་ཚང80དང་མི་གྲངས360ཡོད།2017ལོར། སྡེ་མི་ཡོངས་དབུལ་ཕོངས་ལས་ཐར་ཏེ་དབུལ་པོའི་ཞྭ་མོ་ཕུད་པ་རེད།
       མེན་ཧོ་རྫོང་མི་རིགས་མཐུན་སྒྲིལ་གསར་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིས་ཀྲི་ལིན་གྱི་མཚམས་སྦྱོར་བྱས་པ་ལྟར་ན།མིག་སྔར། མེན་ཧོ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་དུ་གྱུར་ཡོད། མ་འོངས་པར། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར“ཡར་ཐོན་བཅུ”གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ནས། ཐུན་མོང་གིས་ཀན་སུའུ་དང་མཚོ་སྔོན་ས་མཚམས་བར་གྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཁུལ་བཙུགས་ཏེ་ད་ལོར་ཐུན་མོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་དགོས།
རྩོམ་སྒྲིག་པ། སངས་སྐྱབས།