དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་མཚོ་སྔོན་དུ་ཡོང་སྟེ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་རྟོག་ཞིབ་བྱས་པ།

སྤེལ་དུས 2020-06-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཧྲེང་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན་གྲོས་ཚོགས་ལ་ཞུགས།
         རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ཁྲེན་ཙུང་རུང་གིས་བཤད་རྒྱུར། མཚོ་སྔོན་ནི་མི་རིགས་མང་པོ་མཉམ་དུ་སྡོད་པ་དང་ཆོས་ལུགས་མང་པོ་མཉམ་དུ་གནས་པ། རིག་གནས་མང་པོ་མཉམ་དུ་འདྲེས་པའི་ཞིང་ཆེན་ཞིག་ཡིན་པ་དང་། མི་རིགས་སོ་སོ་ཕན་ཚུན་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་འདྲེས་བྱས་པའི་དཔེ་མཚོན་གྱི་བསྡུས་གཟུགས་ཤིག་རེད། མཚོ་སྔོན་གྱི་ས་ཁམས་དང་གནས་ཡུལ་ཁྱད་དུ་འཕགས་པ་དང་། རྒྱལ་ཁབ་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཀྱི་བཀག་དངོས་གཙོ་བོ་ཡིན་པས། མི་རིགས་མཐུན་སྒྲིལ་གྱི་བྱ་བ་ལེགས་པོར་བསྒྲུབས་པར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་བྱ་བ་དེ་མགོ་ཁྲིད་དང་པོའི་བཟོ་འགོད་དུ་བརྩིས་ནས་བཟུང་ཞིང་། རྒྱང་རིང་གི་འཆར་གཞི་བཀོད་པ་དང་བྱས་རྗེས་ཡུན་ནས་ཡུན་དུ་བཞག་ཅིང་། བྱེད་ཐབས་དོན་ཐོག་ཏུ་འཁེལ་ལ་ཁྱད་ཆོས་མངོན་པར་གསལ་བ་རེད། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོ་དང་། ཡུལ་ཁོངས་ཚང་མ་ཞུགས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་གྲུབ་འབྲས་མངོན་གསལ་རེད། ཁོས་བསྟན་དོན། རྟོག་ཞིབ་ཚན་ཆུང་གིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་ཞིབ་མོ་བྱེད་རྒྱུ་དང་། ནན་ཏན་གྱིས་ཉམས་མྱོང་སྤྱི་སྡོམ་བྱ་རྒྱུ་ཡིན་ལ། དེར་མ་ཟད་ཧུར་ཐག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱེད་ངེས་ཡིན།
         མགོན་པོ་བཀྲ་ཤིས་ཀྱིས་ཐོག་མར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་བོད་ཁུལ་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཤེས་རིག་གི་བང་མཛོད་ལྟ་བུ་ཡིན་པས། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་བོད་ཁུལ་གྱི་བྱ་བ་སྣ་ཚོགས་ལ་ཡོངས་ཁྱབ་རང་བཞིན་དང་འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན་གྱི་མཛུབ་སྟོན་སྔར་བས་མང་པོ་བྱེད་དགོས་པའི་རེ་བ་བཏོན།
         བཞུགས་མོལ་ཚོགས་འདུའི་སྟེང་། འབྲེལ་ཡོད་ཀྱི་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ། ཆེད་མཁས་པ་དང་དཔྱོད་ལྡན་པ། མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱས་ནས་གཏམ་བཤད།
རྩོམ་སྒྲིག་པ། སངས་སྐྱབས།