དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ས་མཐོ་ནས་གྲགས་པའི་གཏམ་བཟང་།

སྤེལ་དུས 2020-06-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འཛམ་ཐང་རྫོང་གི་དབུལ་སྒྲོལ་གཏམ་རྒྱུད་ཐུང་ངུ་།

 འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འཛམ་ཐང་རྫོང་སྤང་རྡོ་རྡོ་བརྐོས་སྤྱི་གླིང་ཡིན་པ།

འདི་ནི་འཛམ་ཐང་རྫོང་ཀ་ཐོག་ཤང་སེ་དགུ་གྲོང་ཚོའི་རབ་ཁ་ཚོགས་ཆུང་གི་གྲོང་མི་ཚོས་སྔོ་ཚལ་རྟེན་གཞིར་ལས་ཀ་བྱས་པའི་གླ་ཆ་ལེན་བཞིན་པ།

 འདི་ནི་ཕྲུ་གུ་ཚོས་རྔ་པ་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་གི་ལོ་ཆུང་བྱིས་པའི་ཕོ་བྲང་དུ་མན་ཐོ་ལིང་དཀྲོལ་བཞིན་པ།

 འདི་ནི་རྔ་པ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་ཉིན་དགུང་ངལ་གསོའི་རྗེས་སུ་སློབ་ཚན་ཚོགས་པར་སྐྱོད་བཞིན་པ།
          ཟླ་6པའི་ཟླ་དཀྱིལ་དུ་གསར་འགོད་པ་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོར་སྐྱོད་སྐབས། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འཛམ་ཐང་རྫོང་སྤང་རྡོ་རྡོ་བརྐོས་སྤྱི་གླིང་དུ་གྲོང་མི་མོ་སྐྱིད་སྐྱིལ་ཀྲུང་དུ་བསྡད་དེ་ལག་གཡོན་དུ་གཟོང་དང་ལག་གཡས་སུ་ཐོ་བ་འཁྱེར་ནས་རྡོ་བརྐོས་རྒྱག་བཞིན་ཡོད་པ་དང་། ཐོ་བ་བརྡུངས་ཐེངས་རེར་རྡོ་བརྐོས་ཀྱི་རི་མོ་གསལ་ཐིང་ངེར་མངོན་ཡོང་གི་འདུག
          མོ་སྐྱིད་ནི་འཛམ་ཐང་རྫོང་རྫོང་མདའ་ཤང་གདོང་ངོས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ཁྱིམ་ལ་ཁོང་དང་ཕྲུ་གུ་གསུམ་ལས་མེད་པ་དང་དེ་སྔོན་དཔལ་འབྱོར་གྱི་ཡོང་ཁུངས་གཞན་མེད་པར་ས་ཞིང་མུའུ་4ཡོད་པ་དེར་ནས་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་ཁོང་དབུལ་སྒྲོལ་ཐུབ་པ་མ་ཟད་རྡོ་བརྐོས་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
          2014ལོའི་གོང་དུ་མོ་སྐྱིད་ཀྱིས་རྡོ་བརྐོས་ལག་རྩལ་ཤེས་ཀྱི་མེད། 2016ལོར་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་དུ་འབྲེལ་བའི་ཐབས་ལ་བརྟེན་ནས་རྡོ་བརྐོས་ཁྲིད་སྦྱོང་ཁང་བཙུགས་ཤིང་། གྲོང་ཚོའི་ཉེ་འཁོར་གྱི་དུད་ཚང་དབུལ་པོའི་གྲོང་མི་ཚོ་དང་འདྲ་བར་མོ་སྐྱིད་ཀྱང་རྡོ་བརྐོས་སྦྱོང་མཁན་ཞིག་ཏུ་གྱུར། ཐོག་མའི་རྡོ་འདེམས་པ་དང་། ཐིག་རྒྱག་པ། རྡོ་བརྐོས་རྒྱག་པ། ཚོས་གཏོང་བ་སོགས་ཀྱི་བཟོ་རིམ་ནས་སྦྱོང་འགོ་བཙུགས་ཏེ་རྡོ་བརྐོས་ཀྱི་བརྩམས་ཆོས་བཟོ་སྟངས་མགྱོགས་མྱུར་བྱང་ཆུབ་པ་མ་ཟད་ད་ལྟ་ཁོང་དགེ་ཕྲུག་ཅིག་ནས་ལས་བཟོ་དངོས་ལ་གྱུར་བ་དང་ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད།
          རྡོ་བརྐོས་ཁྲིད་སྦྱོང་ཁང་གི་སུའོ་ཀྲང་པད་མ་ནོར་བུས་གསར་འགོད་པར། རྡོ་བརྐོས་དེ་དག་ལས་ཆུང་བར་སྒོར་བཅུ་གྲངས་དང་ཆེ་བར་སྒོར་སྟོང་ཕྲག་རག་གི་འདུག་ལ། འགའ་རེར་སྒོར་ཁྲི་གཅིག་ལྷག་ཙམ་ཡང་རག་གི་འདུག་ཅེས་བརྗོད།
          བསམ་བཟང་ནི་འཛམ་ཐང་རྫོང་ཀ་ཐོག་ཤང་སེ་དགུ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ཁྱིམ་ལ་ས་ཞིང་མུའུ་ཕྱེད་ཀ་ལས་མེད། ལོ་མང་གོང་དུ་ཁོང་གིས་སྨན་རྒྱུ་བཀོག་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས་རྟག་ཏུ་ས་ཐག་རིང་པོར་སྨན་རྒྱུ་འཐུ་བར་འགྲོ་དགོས་ཀྱི་ཡོད། ཉེ་ཆར་ཁོང་ལ་ལས་ཀ་གསར་པ་ཞིག་རག་པ་སྟེ་ས་གནས་དེ་གའི་ཞིང་འབྲོག་ཐོན་ལས་ཀུང་སིའི་ལས་མི་ཞིག་ཏུ་གྱུར་པ་རེད། ཀུང་སི་དེས་སེ་དགུ་གྲོང་ཚོའི་ས་ཞིང་བརྒྱུད་བཤུག་བླངས་ཏེ་ས་མཐོའི་སྔོ་ཚལ་རྟེན་གཞི་བཙུགས་ཤིང་། གསོ་སྦྱོང་བྱས་པ་བརྒྱུད་སྔོན་ཆད་འདེབས་འཛུགས་ཀྱི་ཤེས་བྱ་གང་ཡང་མི་ཤེས་པའི་བསམ་བཟང་ད་ལྟ་སོན་འདེབས་དང་རྨོ་འདེབས་ཀྱི་ལས་ལ་བྱང་ཆུབ་པ་ཞིག་ཆགས་ཡོད།
          སེ་དགུ་གྲོང་ཚོའི་རབ་ཁ་ཚོགས་ཆུང་དུ་གསར་འགོད་པས་ས་གནས་དེ་གའི་གྲོང་མི་ཚོས་གླ་ཆ་ལེན་པ་དང་ཏག་ཏག་ཐུག་བྱུང་།
          “རེན་སེ་ཅེར་སྒོར་990”ཞེས་རྒྱང་བསྒྲགས་ནས་ཀུང་སིའི་ལས་མི་ཐང་ཏེ་ཀུའེ་ཡིས་སྐད་གསང་མཐོན་པོས་འབོད། ཕོ་གཞོན་ཞིག་སྟེགས་བུའི་ཐོག་སྐྱོད་སྐབས་གཤམ་དུ་རེ་ཞིག་དགོད་སྒྲས་ཁེངས། ཁོང་གིས་ཐོ་འགོད་དེབ་ལ་མིང་བཀོད་རྗེས་དངུལ་བླངས་ནས་གད་མོ་འཚེར་འཚེར་དུ་སྟེགས་བུ་ནས་བབས། ཀུང་སིའི་ཏུང་ཧྲི་ཀྲང་ཝུན་ཅིང་གིས། དེ་ཉིན་ས་གནས་དེ་གའི་འབྲོག་པ་80ལྷག་ཙམ་གྱིས་གླ་ཆ་ལེན་པ་དང་ཁོང་ཚོས་སྔོ་ཚལ་རྟེན་གཞིར་ལས་མིར་ཡོང་བར་མི་རེར་ཉིན་རེར་ཡོང་འབབ་སྒོར་90ཡོད་ཅེས་བརྗོད།
          གསར་འགོད་པ་རྔ་པ་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་གི་ལོ་ཆུང་བྱིས་པའི་ཕོ་བྲང་དུ་འབྱོར་སྐབས་བྱིས་པ་ཚོས་མན་ཐོ་ལིང་དཀྲོལ་བཞིན་འདུག་ལ། རོལ་ཆའི་དབྱངས་དང་བསྟུན་ཏེ་ཁོང་ཚོས་ས་གནས་དེ་གའི་དམངས་གཞས་མཉམ་ལེན་བྱེད་བཞིན་མཆིས། སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་རོང་མཆོག་རྒྱལ་རོལ་ཆ་དཀྲོལ་སྟངས་སྦྱངས་ཏེ་ལོ་གཉིས་སོང་བ་དང་ཁོ་པས་རོལ་དབྱངས་འདི་ཧ་ཅང་སྙན་པོ་འདུག་ཅེས་བརྗོད།
          རོང་མཆོག་རྒྱལ་ནི་རྔ་པ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཕྲུ་གུ་ཞིག་ཡིན་ཞིང་། ཁོ་པས་རོལ་དབྱངས་དེ་ནི་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་རེ་བ་ཞིག་ཡིན་ཞིང་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཆེན་པོ་ཆགས་རྗེས་རོལ་དབྱངས་དཀྲོལ་ནས་མི་གཞན་ལ་སྤྲོ་སྣང་སྦྱིན་གྱི་ཡིན་ཞེས་བརྗོད།
          དེ་ཉིན་ཕྱི་དྲོ་རྔ་པ་རྫོང་གི་གྲོང་ལྷོར་གནས་པའི་རྔ་པ་རྫོང་གི་བོད་ཡིག་སློབ་འབྲིང་ནས་སློབ་ཚན་ཚུགས་པའི་དྲིལ་བརྡ་ཐོས་ཤིང་། ལོ་15ལ་སླེབས་པའི་ཤེས་ལྡན་ནི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད། སློབ་གྲྭའི་དཔེ་ཀློག་གི་སྒྲ་དང་སློབ་ཚན་ཚུགས་པའི་དྲིལ་བརྡ་དེར་ཁོང་གི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།
          ཞག་སྡོད་ལམ་ལུགས་ཀྱི་འཚོ་བའི་ཁ་གསབ་རག་པའི་ཤེས་ལྡན་གྱིས་གསར་འགོད་པར། ཁོང་ལ་གཅུང་པོ་ཞིག་ཡོད་པ་དེ་ད་ལྟ་སློབ་གྲྭར་འགྲོ་བཞིན་ཡོད། ཁྱིམ་ལ་རྟ་ནོར་མེད་ཀྱང་རྩྭ་ར་ཆུང་ཆུང་ཞིག་ཡོད། ལོ་ཤས་གོང་དུ་ཁོང་གིས་ཚོང་ཁང་ནས་རང་ཉིད་ཧ་ཅང་དགའ་བའི་ལྷམ་ཞིག་མཐོང་རྗེས་ཕ་མར་ཉོ་རོགས་ཞེས་བརྗོད།
          “ཕ་མ་གཉིས་ཀྱིས་ལྷམ་དེར་སྒོར་300ལྷག་ཙམ་ཡིན་པ་ཤེས་རྗེས་ཁྱིམ་ལ་ཆ་རྐྱེན་མེད་པས་གནས་སྐབས་ཉོ་ཐབས་མེད་ལུགས་བརྗོད་བྱུང”ཤེས་ལྡན་གྱིས“ངས་ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཤེས་བྱ་རིག་གནས་མང་ཙམ་སྦྱངས་ནས་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ལ། ཕ་མ་གཉིས་ཀྱིས་ཀྱང་ང་ལ་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་འཇོན་ཐང་ཅན་ཞིག་ཏུ་གྱུར་བ་བྱེད་དགོས་པའི་ལྕག་སྐུལ་ཡང་ཡང་གནང་གི་འདུག”ཅེས་བརྗོད།