དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

གཅན་ཚ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཏང་བཙུགས་ནས་ལོ་99འཁོར་བར་རྟེན་འབྲེལ་ཞུས།

སྤེལ་དུས 2020-07-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས“ཏང་གི་བཀའ་དྲིན་ཚོར་བ་དང་། ཐོག་མའི་བསམ་འདུན་སྲུང་བ། དཔའ་ངར་ཆེན་པོས་འགན་འཁུར་བ”བཅས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་99འཁོར་བར་རྟེན་འབྲེལ་ཞུ་བ་དང་། སྔར་ལས་ལྷག་པར་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ལས་སྐྲུན་གསར་གཏོད་ལ་སྐུལ་འདེད་བྱས། 
          བྱ་འགུལ་ནང་གཅན་ཚ་རྫོང་གི་རྫོང་རིམ་པའི་འགོ་ཁྲིད་28ཀྱིས་སྣེ་ཁྲིད་ནས་སྡེ་བའི་ལས་བྱེད་པ་དང་རོང་འབྲོག་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཞུགས་ལོ་30ལས་བརྒལ་བའི་ཏང་ཡོན་རྒན་གྲས109ལ་འཚམས་འདྲི་བྱས་པ་རེད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་སྣེ་ཁྲིད་དེ“ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ”དང“ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་དང་། ཏང་ནང་ཞུགས་པའི་ལོ་རྒྱུས་བསྐྱར་དྲན། ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་བསྐྱར་འདྲི་བྱེད་པ”སོགས་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། 《རྒྱལ་སྟོན་མཛད་སྒོ་ཆེན་མོ》དང《རིམས་འགོག་གི་འཐབ་ས་དང་པོའི་ཏང་གི་དར་ཆ་དམར་པོ》སོགས་གསར་བརྗེའི་གློག་བརྙན་ལ་བལྟས་ཤིང་། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག94འགྲིམ་འགྲུལ་ཁྲིད་སྟོན་དང་འཕྲོད་བསྟེན་བཅོས་སྒྲིག་ནང་ཞུགས། །