དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

སི་ཁྲོན་ལི་ཐང་དུ་མོག་རོ་འཐུ་བའི་ལས་ལ་བྲེལ།

སྤེལ་དུས 2020-08-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
ལས་བྱེད་མི་སྣས་མོག་རོ་འཐུ་བཞིན་པའི་ཚུལ། 
མོག་རོ་འདེབས་འཛུགས་རྟེན་གཞི།
བསིལ་སྐམ་བྱེད་བཞིན་པའི་མོག་རོ།
       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   2020ལོའི་ཟླ8པའི་ཚེས8ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མུ་ལ་གྲོང་རྡལ་མ་ཡན་གྲོང་ཚོའི་མོག་རོ་འདེབས་འཛུགས་རྟེན་གཞིར་ས་གནས་ཀྱི་ལས་མི་ཁག་གཅིག་གིས་མོག་རོ་འཐུ་བའི་ལས་ལ་བྲེལ་ཞིང་། ས་བབ་མཐོ་ཚད་སྨི3500ལྷག་ཙམ་ཟིན་པའི་མཐོ་སྒང་གི་རི་ཁུག་ཏུ་ཆགས་པའི་མ་ཡན་གྲོང་ཚོ་དེའི་གདོད་མའི་ནགས་ཚལ་སྟུག་ལ་སྡོང་པོ་དང་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། སྤུས་ལེགས་ཀྱི་གནམ་གཤིས་ཁོར་ཡུག་དང་གདོད་མའི་རང་བྱུང་སྐྱེ་ཁམས་བཅས་ཀྱིས་བཟའ་བྱའི་ཤ་མོ་འདེབས་འཛུགས་བྱ་རྒྱུར་ཁོར་ཡུག་ལེགས་པོ་བསྐྲུན།
       2016ལོར་གྲོང་ཚོ་དེས་མོག་རོ་འདེབས་འཛུགས་བྱེད་པ་དེ་དབུལ་ཐར་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོར་བཟུང་སྟེ། ད་ལྟ་འཕེལ་རྒྱས་བྱུང་ནས་ཤིང་གཏུན་ཁྲི10ཡི་གཞི་ཁྱོན་ལ་སླེབས་པ་དང་། ལོ་རེའི་ཐོན་ཚད་རྒྱ་མ་ཁྲི1ལྷག་ཙམ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི200ལྷག་ཙམ་ཟིན་ནས། ངལ་རྩོལ་ལས་ཞུགས་མི་སྣ40ལྷག་ཙམ་བསྡུས་ནས་ལོ་རེའི་གླ་ཆ་སྒོར་ཁྲི60ལྷག་ཙམ་སྤྲད་པ་རེད། །
རྩོམ་སྒྲིག་པ། སངས་སྐྱབས།