དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གསེར་ཆེན་འབྲོག་པའི་གྲོང་ཚོ་མཛེས་ལྗོངས་ཁུལ་དུ་གྱུར་བ་དང་འབྲོག་པ་སྣེ་ཤན་པར་གྱུར་བ།

སྤེལ་དུས 2020-08-14 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
       ཡུལ་སྐོར་བར་སྣེ་ལེན་ཞུ་མཁན་གྱི་ལོ་43ལ་སླེབས་པའི་བདེ་ཆེན་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་ཧ་དབྱིག་གྲོང་ཚོའི་གྲོང་མི་ཡིན། སྔོན་ཆད་ཁོང་གི་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་། དུད་ཚང་253ཡི་མི་གྲངས་823ཡོད། དེའི་ནང་དུད་ཚང་དབུལ་པོ་40ཡི་མི་གྲངས་115ཡོད། མི་འབོར་མང་ལ་ས་ཞིང་ཉུང་བར་བརྟེན་གྲོང་ཚོའི་ནང་གི་མི་ཕྱེད་ཀ་ལྷག་ཙམ་གྱིས་ནོར་ལུག་དང་། བལ། ལུག་ལྤགས་བཅས་བཙོངས་ནས་ལྟོ་གོས་འཕྱིད་ཐབས་བྱེད་པ་དང་། གྲོང་མི་གཞན་ཚོས་དབྱར་རྩྭ་དགུན་འབུ་འཐུ་བ་དང་ཕྱུགས་འཚོས་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད།
       2017ལོར་སྲིད་གཞུང་གིས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱ་ཆེད། གྲོང་མི་མི་ཉུང་བ་ཞིག“སྐྱས་སྤོས་རྩྭ་གསོ”བྱེད་དུ་བཅུག་སྟེ། རང་བྱུང་ཆ་རྐྱེན་བལྟོས་བཅས་ལེགས་པའི་ཧ་དབྱིག་གྲོང་ཚོར་ཡུལ་སྐོར་མཛེས་ལྗོངས་ཁུལ་བཙུགས་པ་དང་། དུད་ཚང་དབུལ་པོ་40ཡི་གྲོང་མིར་མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་ཁང་པ་40བསྐྲུན་པ་དེ་དག་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཐང་བོད་ཧྲེ་ཅིང་གྲོང་གི་ཧ་དབྱིག་བོད་ཀྱི་གྲོང་སྡེར་གྱུར་ཡོད། དེ་སྔ་སྤྱི་སྐད་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པའི་བདེ་ཆེན་སྒྲོལ་མ་གྲོང་ཚོའི་ནང་གི་བོད་ཀྱི་རིག་གནས་སྒྲོག་འགྲེལ་པར་གྱུར་བ་དང་། དུས་དེ་ནས་བཟུང་ཁྱིམ་གྱི་སྒོ་རྩར་གླ་ཆ་ལེན་རྒྱུ་བྱུང་ཡོད།
       2020ལོའི་ཟླ་8ཚེས་11ཉིན་མཚོ་སྔོན་གསེར་ཆེན་རྫོང་གི་ཧ་དབྱིག་གྲོང་ཚོའི་གྲོང་མི་བདེ་ཆེན་སྒྲོལ་མས་ཡུལ་སྐོར་བར་བོད་ཀྱི་དངུལ་ཆས་ངོ་སྤྲོད་བྱེད་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།