དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་བོད་ས་མཐོར་འཚོ་བའི“ཅང་ཧོའེ་རྒྱུད་ཀྱི་ཁྱིམ་ཚང”ཞིག

སྤེལ་དུས 2020-10-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        སྟོན་མཇུག་གི་སྦྲང་ཆར་ཟིལ་མ་འབབ་པ་དང་བསྟུན་ང་ཚོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་གཡས་རི་སྒང་གི་རི་གཤམ་དུ་སླེབས། དེར་གྱང་དཀར་པོའི་སྟེང་རྫ་གཡམ་ནག་པོ་བཏང་བའི་ཝུའེ་ཀྲོའུ་ལུགས་ཀྱི་ཉམས་འགྱུར་ལྡན་པའི་སྒོ་ར་མང་པོ་ཞིག་ཡོད་པ་དང་། དེའི་ནང་ལི་ཧུང་ཕིང་གི་ཁྱིམ་ཚང་ཡོད་པ་རེད། 
        ལི་ཧུང་ཕིང་ཁྱིམ་ནི་སྔོན་མ་བཱ་ཙེ་རྫོང་གཡས་རི་སྒང་གྲོང་རྡལ་ཁྲི་ཀོའུ་གྲོང་ཚོའི་དགའ་བོ་རི་གྲོང་དུ་ཡོད་པ་དང་། དེ་ནི་ཁྲི་ཀོའུ་ཆུ་བོའི་རྒྱུད་ཀྱི་རི་གསེབ་ཏུ་གནས་ཤིང་། དེར་ས་རྒྱུ་ཞན་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པར་བརྟེན། ཡུལ་མི་ལོ་གཅིག་ནང་རི་གཤམ་དུ་ཐེངས་འགའ་ལས་འགྲོ་ཐུབ་ཀྱི་མེད། 
        ལི་ཧུང་ཕིང་1990ལོར་སྐྱེས་པ་དང་། འདི་ལོ་ལོ་30ལ་ཏག་ཏག་སླེབས་ཀྱི་ཡོད། “དགུ་བཅུ་ནང་སྐྱེས”ཡིན་པའི་ངོས་ནས་ཆུང་དུས་སུ་ལྟོས་གྲོད་པ་མི་རྒྱགས་པ་བྱུང་མྱོང་ཡོད། “ཁྱིམ་ལ་ཉིན་ལྟར་ཨ་ཤོམ་ཐུག་པ་འཐུང་བ་དང་། ལོ་གཅིག་ལ་ཤ་བཟའ་རྒྱུ་ཡོད་པ་ཉུང་ཉུང་ཡིན་ལ། ལོ་གསར་སྐབས་ཕས་ང་ལ་ཀ་ར་བྱི་རིལ་ཐུམ་གང་སྤྲད་ཚེ་ང་དེ་ལ་གཟའ་འཁོར་གཅིག་ཙམ་མགོ་འཁོར་གྱི་ཡོད”ཅེས་ལི་ཧུང་ཕིང་གིས་བརྗོད།
        2015ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་དྲོད་རླུང་དགའ་བོ་རི་གྲོང་དུ་ལྡང་། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་20ཡི་མི་རྣམས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ཏེ་རི་གཤམ་དུ་སྤོས་པ་དང་། ཁོང་ཚོར་རི་གཤམ་གྱི་ཆུ་བོའི་རྒྱུད་ཀྱི་གུ་ཡངས་སར་རང་རང་སོ་སོའི་སྒོ་ར་དང་བཅས་པའི་སྡོད་ཁང་ཡོད། 
        ཁྲི་ཀོའུ་གྲོང་ཚོ་དེ་གཡས་རི་སྒང་མཛེས་ལྗོངས་ཁུལ་ཆེན་པོ་དང་ཉེ་བར་གནས་ཡོད། ལེ་ལག་ཚང་བའི་ཡུལ་སྐོར་ཐོན་ལས་གཏོད་ཆེད། རི་གཤམ་དུ་སྤོ་རུ་བཅུག་པའི་མང་ཚོགས་གནས་ཐུབ་པ་བྱས་པ་མ་ཟད། ཞིང་པའི་སྤྲོ་སྐྱིད་ཁང་འཕེལ་རྒྱས་བཏང་ནས་ཡུལ་སྐོར་ལ་བརྟེན་ཏེ་ཕྱུག་པོ་ཆགས་ཐབས་བྱས་པ་དང་། སྲིད་གཞུང་གིས་ཝུའེ་ཀྲོའུ་ལུགས་ཀྱི་ཨར་སྐྲུན་ཉམས་འགྱུར་ལྡན་པའི་སྒོ་ར་གཅིག་གྱུར་ཐོག་བརྒྱབ་ནས“རི་ཆུ་མཛེས་པའི་གཡས་རི་སྒང”གི་མཛེས་སྡུག་མིང་བྱང་བཏོད་པ་དེས། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བ་གཡས་རི་སྒང་གི་རི་ཆུའི་མཛེས་སྡུག་ལ་ཡིད་དབང་འཕྲོག་སྟེ། འབྲི་ཆུའི་ལྷོ་རྒྱུད་མཛེས་ལྗོངས་ཀྱི་ཉམས་འགྱུར་ལྡན་པའི་ཁྲི་ཀོའུ་གྲོང་ཚོའི་སྲང་ལམ་ནས་བྲལ་མི་ཕོད་པ་ལྟ་བུ་བྱུང་ཡོད། 
        ལི་ཧུང་ཕིང་གིས་རང་ཁྱིམ་གྱི་སྒོ་རར་བསྡུ་གསོག་གཙང་མ་ཞིག་བརྒྱབ་ནས་ཁང་མིག་ལྔ་འགྲུལ་ཁང་བཟོས་པ་དང་། ཚལ་བཟོ་སྟངས་ཀྱང་APPཐོག་གི་ཚལ་ཐོ་བཞིན་སྦྱངས་པ་རེད། འདི་ལོའི་ཟླ་བདུན་པ་དང་བརྒྱད་པར་ལི་ཧུང་ཕིང་གིས་ཞིང་པའི་སྤྲོ་སྐྱིད་ཁང་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་1.5ལྷག་གསོག་ཐུབ་པ་བྱུང་ཡོད། 
        རི་སྟེང་གི་ས་ཞིང་ཁག་གཅིག་རྨོ་བསྐྱུར་ནགས་བཟོ་བྱས་ནས་ལི་ཧུང་ཕིང་ལ་རིན་པ་སྤྲོད་མི་དགོས་པར་ཤིང་འབྲས་སྡོང་ཕྲུག་ཁག་གཅིག་རག་ཡོད་པ་དང་། ཁོང་གིས་ཞིང་སར་ཕི་ཐེ་ཤིང་འབྲས་སྡོང་པོ་དང་། མངར་ཁམ་སྡོང་པོ། ལི་སྡོང་སོགས་བཏབ་པ་རེད། 
        ཉེ་བའི་ལོ་འགའི་རིང་། ཁྲི་ཀོའུ་གྲོང་ཚོའི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་དེ་2011ལོར་སྒོར་2000ཡང་མ་ཟིན་པ་ནས་2019ལོའི་སྒོར་11400བར་མང་དུ་སོང་བ་དང་། ལི་ཧུང་ཕིང་ཁྱིམ་ཚང་ན་ནིང་དབུལ་ཞྭ་ཕུད་ལ་གྲོང་ཚོ་ཧྲིལ་པོ་ཀྲུང་གོའི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཚོར་ཡང་བདམས་པ་རེད། འདི་ལོར་གྲོང་ཚོས་སྒོར་ཁྲི་2000བཏང་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་སྔར་བས་རིམ་སྤོར་སྒྱུར་བཀོད་བྱས་པ་རེད། 
        ཁ་བྲལ་བའི་སྐབས་སུ་ལི་ཧུང་ཕིང་གིས་ཁྱེད་རང་ལམ་ཁར་བཟའ་རོགས་ཞེས་ཕི་ཐེ་ཤིང་འབྲས་ཨུ་ཚུགས་ཀྱིས་སྤྲད་དེ། “ཆུང་དུས་སུ་ང་རང་ཤིང་འབྲས་དེར་ཧ་ཅང་དགའ་པོ་ཡོད། ཁྱིམ་ལ་དེ་ཙམ་མང་པོ་མེད། ད་ཆ་མུའུ་འགའ་བཏབ་པས་བཟའ་རྒྱུ་མེད་པའི་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བཤད་བྱུང་། 
རྩོམ་སྒྲིག་པ། སངས་སྐྱབས།