དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ནས་རོང་འབྲོག་པའི“སྣོད་བཅུད་པར་ལེན་རུ་ཁག”གི་བརྙན་རིས་འགྲེམས་སྟོན་ཐེངས་དང་པོ་བསྡུས་པ།

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རོང་འབྲོག་པའི་སྣོད་བཅུད་པར་ལེན་གྲུབ་འབྲས་འགྲེམས་སྟོན་གྱི་ཡུལ་དངོས།
       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ས་གནས་དེ་གའི་འབྲོག་པས་རང་འགུལ་ངང་པར་ཆས་བཟུང་ནས་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཟིན་ཐོར་བཀོད་ཡོད། འདི་འདྲའི་རྨང་གཞི་སྟེང་། ང་ཚོས་ཁོ་ཚོའི་སྒྲིག་ཆས་རིམ་སྤོར་ལ་རོགས་རམ་དེ་བས་ཀྱང་བྱ་དགོས། ཁོ་ཚོར་རྒྱབ་སྐྱོར་བྱས་རྗེས་ད་གཟོད་དེ་རིང་གི་གྲུབ་འབྲས་འདི་ཐོབ་པ་རེད། ཅེས་“ཀྲུང་གོའི་རི་སྐྱེས”ལས་དོན་ཁང་གི་སྲོལ་གཏོད་མཁན་ཆི་ཀྲེ་ནུང་གིས་ཚེས28ཉིན་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རོང་འབྲོག་པའི་སྣོད་བཅུད་པར་ལེན་གྲུབ་འབྲས་འགྲེམས་སྟོན་ཐོག་དེ་ལྟར་བཤད།
       མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན། སྔོན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཡོད། དེ་ལས་གཞན་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་འགོ་འཛུགས་ཁུལ་དང་ཚོར་སྐྱེན་ཁུལ་ཞིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན།
ཚེ་བརྟན་གྱིས་ལྟ་སྐོར་བར་རང་ཉིད་ཀྱི་བརྩམས་ཆོས་འགྲེལ་བཤད་བྱེད་བཞིན་པ།
       ཉེ་བའི་ལོ་ཤས་རིང་། མཚོ་སྔོན་དུ་རོང་འབྲོག་པ་ཁག་གཅིག་གིས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི“སྣོད་བཅུད་པར་ལེན་རུ་ཁག”ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཁོ་ཚོས་རྨ་འབྲི་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ་དང་། མདོ་ལ་རིང་མོ། ཁུ་ནུ་རི་བོའི་དད་གུས་དང་གོང་བཀུར། ད་དུང་ཕ་ཡུལ་གྱི་དགའ་ཞེན་བཅས་ཀྱི་བརྩེ་བ་སེམས་ལ་ཉར་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དྲིལ་བསྒྲགས་དང་སྲུང་སྐྱོང་བྱེད་པའི་“སོན་འདེབས་འཕྲུལ་འཁོར”རམ“དྲིལ་བསྒྲགས་རུ་ཁག”ཏུ་གྱུར་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་བཞག་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། “སྣོད་བཅུད་པར་ལེན་རུ་ཁག”གི་རོང་འབྲོག་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་མཚོ་སྔོན་ཞིང་ཆེན་པར་བའི་མཐུན་ཚོགས་སོགས་སྡེ་ཚན་གྱི་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། པར་ལེན་བརྩམས་ཆོས་འབོར་ཆེན་ཞིག་ལ་རྒྱལ་ཁབ་ཕྱི་ནང་གི་པར་རིས་འགྲེམས་སྟོན་དང་པར་ལེན་འགྲན་བསྡུར་ཐོག་བྱ་དགའ་ཆེན་པོ་ཐོབ་པ་མ་ཟད། རྒྱལ་སྤྱིའི་དོ་སྣང་ཡང་ཐོབ་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།