དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

རོང་བྲག་རྫོང་གིས་ཡུལ་སྐོར་ལམ་བུ་གསར་བ་གཏོད་པ།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཉེ་བའི་ལོ་འགའི་རིང་ལ་རོང་བྲག་རྫོང་གིས“སྐྱེ་ཁམས+རིག་གནས་ཡུལ་སྐོར”རྒྱུན་འཁྱོངས་དང་། ཞིང་ལས་རྣམ་པ་གསར་བ་བཏོད་པ། རིག་གནས་ཡུལ་སྐོར་ལམ་བུ་གསར་བ་ཕྱེས་ནས་ཕན་ནུས་ལྡན་པའི་སྒོ་ནས་ཡོང་འབབ་ཡར་འཕར་བ་དང་། སྔར་ལས་ལྷག་པར་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བསྐྲུན་པ་རེད། རོང་བྲག་རྫོང་གིས་ཁྱོན་བསྡོམས་ཞིང་ཞོར་ཐོན་རྫས་གཅིག་བསྡུས་ལས་སྣོན་ར་བ1དང་། ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི5། མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི4བཅས་འཛུགས་སྐྲུན་བྱས་ནས་རིགས་སོ་སོའི་ཞིང་ལས་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར2.16གཅིག་བསྡུ་བྱས་ཤིང་། སྲིད་འཛིན་གྲོང་ཚོ28དུ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་པ་རེད། 
          མ་དངུལ་སྒོར་དུང་ཕྱུར0.89བཏང་སྟེ་གྲངས་འཛིན་གློག་བརྙན་ཁང་དང་། རིག་གནས་ཁང་སོགས་ཀྱི་ལས་གཞི17ལེགས་འགྲུབ་བྱུང་བ་མ་ཟད། ཆེས་མཛེས་ཡུལ་ལྗོངས་ལམ་བུ་དང་རིག་གནས་ལྗོངས་ཁུལ་སོགས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་གཞི15ལག་བསྟར་བྱས་ལ། ཁུལ་དང་རྫོང་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་དང་། འཕྲལ་བསྟུན་རླུང་འཕྲིན་སྟེགས་བུ་ཡུལ་ཕྱོགས་སོ་སོར་ཁྱབ་པ་སོགས་ཀྱི་ལས་གཞི6འཛུགས་སྐྲུན་བྱས། 
          “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། རྫོང་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི893.4སྣེ་ལེན་ཞུས་ཏེ་དུས་མཉམ་དང་བསྡུར་ན261.4%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར94.4ལ་སླེབས་ཏེ་དུས་མཉམ་དང་བསྡུར་ན356.3%འཕར། སྒོ་འཛིན་ཡོང་འབབ་སྒོར་ཁྲི3462.1སླེབས་ཏེ་དུས་མཉམ་དང་བསྡུར་ན185%འཕར་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།