དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱི་བུད་མེད་སྒྲོག་འགྲེལ་རུ་ཁག་འདི་ཡག་པ་ལ།

སྤེལ་དུས 2021-04-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           ཞིང་འབྲོག་མང་ཚོགས་གང་དུ་ཡོད་ཚེ་ཁོང་ཚོ་གནས་དེར་ཕེབས་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་བྲེལ། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4200ཡན་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་རྩྭ་ཐང་དུ། ཆ་སྙོམས་ལོ་ཚད་28ལས་མེད་པའི་བུད་མེད་རུ་ཁག་གིས་གྲུབ་པའི་སྐྱ་མི་བུད་མེད་སྒྲོག་འགྲེལ་རུ་ཁག་ཅིག་ཡོད་པ་དང་། ཁོང་ཚོས་ཏང་གི་གསུང་སྒྲ་དང་མང་ཚོགས་ཀྱི་བློ་དཀར་བསྣམས་ཤིང་། ཏང་དར་ལག་ལ་བཟུང་ནས་གྲོང་ཚོ་དང་དུད་ཁྱིམ་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་ཕན་འབྲས་མངོན་གསལ་བླངས་ཡོད།

           དཔྱིད་འགོར་སླེབས་ནའང་གྲང་ངར་སྔར་ལས་ཆེ། ཡིན་ཡང་རུ་མི་ཚོས་དཀའ་ངལ་ལ་མ་འཛེམས་པར་དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྒྲོག་འགྲེལ་བྱེད་སྒོའི་ཁྲོད་རྩྭ་ཐང་སྟེང་དུ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཞིག་བསྐྲུན་ཡོད་པ་རེད།
           རྟ་ཐོག་གི་བུད་མེད་འདི་དག་གྲོང་ཚོ་སོ་སོར་བསྐྱོད་དེ་ཡིག་ཆ་ཁག་གི་སྒྲོག་འགྲེལ་འགན་ཁུར་སྒྲུབ་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བའི་འབྲོག་ཁྱིམ་ནང་བསྐྱོད་ནས་སྨན་བཅོས་རྒན་གསོ་ནས་ཏང་གི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ། དེ་མིན་མི་རིགས་མཐུན་སྒྲིལ་དང་ཞིང་གྲོང་དར་རྒྱས། སྡེ་སྲོལ་བསྒྱུར་བཅོས་ནས་སྡེ་བའི་དཔལ་ཡོན། འོས་འགན་སློབ་གསོ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ནས་ཁྱིམ་ཚང་གི་ཡ་རབས་སྲོལ་བཟང་བཅས་མང་ཚོགས་ཀྱི་གོ་བདེ་བའི་སྐད་ཆ་བརྒྱུད་ནས་མང་ཚོགས་ཀྱི་དོགས་གནད་སེལ་ཡོད་པ་རེད།

           མིག་སྔའི་བར་རིམ་རྩིས་བྱས་པར་གཞིགས་ན། སྒྲོག་འགྲེལ་རུ་ཁག་གིས་དྲིལ་སྒྲོག་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ་དང་། ཁྱོན་བསྡོམས་རིགས་མི་འདྲ་བའི་དྲིལ་སྒྲོག་ཡིག་ཆ་1300ལྷག་ཙམ་བཀྲམས་ནས་འབྲོག་པ་མི་ཐེངས་900ལྷག་ལ་སློབ་གསོ་ཐོབ་ཡོད། རྩྭ་ཐང་སྟེང་གི་ཁོང་མོ་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ཁྲོད་གྱི་བུད་མེད་ནི་“གནམ་གྱི་ཕྱེད་ཀ་”ཡིན་པའི་སྟོབས་ཤུགས་གསལ་འགྲེལ་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།