དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

རྔ་པ་ཁུལ་བོད་སྨན་ཁང་གི་དེ་སྔའི་འགོ་འཛིན་ལ་ཁྲིམས་ཆད་ཕོག

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཟླ་4ཚེས་13ཉིན་རྔ་པ་ཁུལ་སྒྲིག་ཨུད་ལྟ་སྐུལ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཉིན་ཤས་གོང་རྔ་པ་ཁུལ་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་སྒྲིག་ཨུད་ལྟ་སྐུལ་ཨུ་ལྷན་གྱིས་རྔ་པ་ཁུལ་བོད་སྨན་ཁང་གི་དེ་སྔའི་འགོ་འཛིན་བཀྲ་ཤིས་དོན་གྲུབ་ཀྱིས་་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་་གནད་དོན་ཐད་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
        ཞིབ་བཤེར་བརྟག་དཔྱད་བྱས་པ་བརྒྱུད་བཀྲ་ཤིས་དོན་གྲུབ་ཀྱི་ཕུགས་བསམ་དང་དད་མོས་ཉམས་ཤིང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ་དང་གཞུང་དྲང་མིན་པར་མི་གཞན་དང་ངན་པ་ལག་འབྲེལ་དང་ཁ་མཐུན་བྱས་ཏེ་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་སྒྲིག་འགལ་ངང་མ་དངུལ་ཧམ་ལེན་བྱས་ནས་གསབ་དངུལ་སྤྲད་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་སྨན་བཅོས་རྣམ་གྲངས་ཉོ་སྒྲུབ་དང་རྣམ་གྲངས་འགན་གཙང་ལེན་པ་སོགས་ཀྱི་ཐད་སྒེར་ཕན་དོན་གཉེར་བྱས་པ་དང་འབྲེལ་རྒྱུ་དངུལ་འབོར་ཆེན་ལྐོག་ལེན་བྱས་ཡོད་པ་རེད།
        བཀྲ་ཤིས་དོན་གྲུབ་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་སྤྱོད་གཙང་སྒྲིག་ཁྲིམས་ལས་རྒྱབ་འགལ་ཚབས་ཆེན་བྱས་ནས་གོ་གནས་ཁྲིམས་འགལ་བྱས་པ་མ་ཟད་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་པ་ཡོད། དེ་ཙམ་གྱིས་མི་ཚད་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྔར་བཞིན་གཡོ་ལེན་དང་ལྐོག་རྔན་ལེན་མཚམས་བཞག་མེད་པས་ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་པར་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས། ༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་༽སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྔ་པ་ཁུལ་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཁུལ་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད་བཀྲ་ཤིས་དོན་གྲུབ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། ཁུལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཁོ་གཞུང་གི་ལས་གནས་ཐོག་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། ཁོའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོིའི་ཉེས་གསོག་དོགས་ཡོད་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་དང་འབྲེལ་བ་ཡོད་པའི་བཙོག་དངོས་རྣམས་མཉམ་དུ་རྩིས་སྤྲོད་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།