དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་དུ་ཕྲུ་གུ་དམར་འབྱར་བསྐྱུར་བའི་གྱོད་དོན་ཞིག་ཐོན་འདུག

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས རྩོམ་པ་པོ།
        སྤྱི་ཟླ་4པའི་ཚེས་12ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་སྤྱི་བདེ་ཅུད་ཀྱིས་ཕྲུ་གུ་དམར་འབྱར་ཞིག་བསྐྱབས་པ་མ་ཟད། ཕྲུ་གུ་དམར་འབྱར་དེ་གཞན་གྱིས་བསྐྱུར་བ་གཏན་འཁེལ་བྱས་པ་རེད། ཕྲུ་གུ་དམར་འབྱར་སྐྱོབ་བཅོས་བཀོད་སྒྲིག་འོས་འཚམས་བྱས་རྗེས། ཉེན་རྟོག་ཕྱོགས་ནས་གྱོད་དོན་ཐོ་འགོད་མྱུལ་ཞིབ་བྱས་པ་མ་ཟད་སྤྱི་ཚོགས་ཐོག་ཁུངས་སྣེ་བསྡུ་ལེན་བྱས་ཡོད་པ་རེད།
        གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ་4པའི་ཚེས་6ཉིན། མིན་ཧོ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སུང་ཧྲུའུ་ཤང་ཧུའུ་ལ་ཧའེ་གྲོང་ཚོའི་གྲོང་མི་ཆེ་གེ་མོས་ཉེན་རྟོག་པར། རང་ཁྱིམ་སྒོ་འགྲམ་གྱི་བུད་ཤིང་སྤུངས་སར་ཟླ་བ་ཕྱིན་མེད་པའི་ཕྲུ་གུ་དམར་འབྱར་ཞིག་འདུག་པ་དང་དེ་ནི་གཞན་གྱིས་གཡུག་ཤས་ཆེན་པོ་འདུག་ཅེས་ཞུས་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ལམ་སེང་ཡུལ་དངོས་སུ་བསྐྱོད་ཡོད། ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཡུལ་དངོས་སུ་ཕྲུ་གུ་དམར་འབྱར་བཏུམ་བྱེད་ཀྱི་ཉལ་ཆས་དང་འཇིབ་རུ་མ་གཏོགས་དེའི་ཐོབ་ཐང་དང་འབྲེལ་ཡོད་ཁུངས་སྣེ་གང་ཡང་ཤེས་རྟོགས་ཐུབ་མེད། ཕྱིའི་དྲོད་ཚད་དང་ཕྲུ་གུ་དམར་འབྱར་གྱི་གཟུགས་པོའི་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་མི་དམངས་ཉེན་རྟོག་པས་ལམ་སེང་ཕྲུ་གུ་དམར་འབྱར་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་མ་ཟད། དུས་ཐོག་ཏུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་བྱས་པ་རེད།
        མིག་སྔར། གཞན་གྱིས་བསྐྱུར་བའི་ཕྲུ་གུ་དམར་འབྱར་གྱི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་མ་ཟད་བཀོད་སྒྲིག་འོས་འཚམས་བྱུང་ཡོད། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་པ་དང་ཕྲུ་གུ་དམར་འབྱར་དང་དེའི་ཕ་མའི་འབྲེལ་ཡོད་གནས་ཚུལ་མྱུལ་ཞིབ་བྱེད་མུས་ཡིན་པ་རེད།
        ཉེན་རྟོག་ཕྱོགས་ཀྱིས་གསལ་བརྡ་བཏང་བར། ༼ཉེས་ཁྲིམས་༽ཀྱི་དོན་ཚན་261པའི་གཏན་འབེབས་གཞིར་བཟུང་ན། རྒན་རྒོན་དང་ལོ་ཆུང་། ནད་པའམ་རང་སྐྱ་འཕེར་བའི་སྒོ་ནས་འཚོ་བ་སྐྱེལ་བའི་ནུས་པ་མེད་པའི་མི་གཞན་སོགས་གསོ་སྐྱོང་བྱ་རྒྱུའི་འོས་འགན་ཡོད་རུང་། གསོ་སྐྱོང་མ་བྱས་པའི་རིགས་དང་། བྱས་ཉེས་ཚབས་ཆེན་རིགས་ལ་ལོ་ལྔའི་མན་གྱི་དུས་བཀག་བཙོན་འཇུག་དང་། བཙན་ཉར་རམ་དོ་དམ་བཅས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་པ་རེད།
        དུས་མཚུངས་སུ།  ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚོགས་ཡོངས་སུ་ཁུངས་སྣེ་རྩད་བཤེར་བསྡུ་རུབ་བྱེད་བཞིན་པ་དང་། གནས་ཚུལ་ཤེས་རྟོགས་ཐུབ་མཁན་མང་ཚོགས་ནས་ཉེན་རྟོག་པའི་ཕྱོགས་ལ་གོ་ཆོད་ཆ་འཕྲིན་མཁོ་འདོན་བྱས་ཏེ་ཕྲུ་གུ་མདར་འབྱར་ལ་སྔ་ཙམ་གཉེན་ཉེ་འཚོལ་རོགས་བྱ་རྒྱུའི་རེ་འབོད་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།