ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་གཟན་ཆས་དང་གཟན་ཆས་སྦྱོར་རྟ་ཆེད་དོན་དག་ཐེར་ལེགས་བཅོས་འགུལ་སྐྱོད་ཕྱོགས་ཡོངས་ནས་མགོ་བརྩམས།

སྤེལ་དུས 2022-04-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཉེ་ལམ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་གཟན་ཆས་དང་གཟན་ཆས་སྦྱོར་རྟ་སོགས་ཞིང་ལས་གཏོང་རྫས་ཐོན་སྐྱེད་ལས་གཉེར་བེད་སྤྱོད་གོ་རིམ་དུ་འབྱུང་བའི་འབུར་ཐོན་གནད་དོན་ལ་དམིགས་ནས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་གྱི་དོ་ཁུར་རྒྱུན་བསྐྱངས་པ་དང་། རྫུན་མ་ཚོང་བ་དང་གཟན་ཆས་སྤུས་ཞན་སོགས་ཞིང་ལས་གནོད་པའི་བྱ་སྤྱོད་རྡུང་རྡེག་ནན་མོ་གཏོང་བ་རྒྱུན་བསྐྱངས་པ། གཟན་ཆས་སྤུས་ཀའི་བདེ་འཇགས་ལྟ་རྟོག་དོ་དམ་ཁྲིམས་བསྟར“གུ་ཡངས་པ་དང་ལྷོད་ཆེ་བ། སྟོབས་ཞན་པ”བཅས་ཀྱི་སྣང་ཚུལ་གཏན་འགོག་བྱེད་པར་རྒྱུན་བསྐྱངས་ཏེ། བྱེད་ཐབས་དྲག་པོས་འབྱུང་ཁུངས་ནས་བཅོས་སྐྱོང་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་གཟན་ཆས་དང་གཟན་ཆས་སྦྱོར་རྟ་ཆེད་དོན་དག་ཐེར་ལེགས་བཅོས་བྱ་བ་སྤེལ་བར་མ་ཟད། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས། 
  མིག་སྔར་བར་དུ། བསྡོམས་པས་གཟན་ཆས་ལས་སྣོན་ཁེ་ལས(ཚོང་ཁང)24ལ་གྲལ་བཤེར་བྱས་པ་དང་། འཁྲོལ་འཛིན་མེད་པའི་ཐོན་སྐྱེད་ཁེ་ལས་གཅིག་གི་སྒོ་རྒྱ་བསྡམས། གཟན་ཆས་རྫུན་མའི་གྱོད་དོན་གཉིས་ཞིབ་གཅོད་བྱས། གྱོད་འབྲེལ་ཐོན་རྫས་ཏུན30ལྷག་རྩད་ཆོད་ལག་ཟིན་བྱུང་། དུས་བཀག་ལྟར་དག་ཐེར་ལེགས་བཅོས་གནད་དོན14བཏོན། གཟན་ཆས(ཟོག་སྨན)ལས་གཉེར་ཚོང་ཁང་དུ་གློ་བུར་བརྟག་དཔྱད་ཐེངས46བྱས་པ་དང་། གཟན་ཆས་དང་གཟན་ཆས་སྦྱོར་རྟའི་རིགས60དང་ཏུན་སྟོང་ལ་ཉེ་བར་གྲལ་བཤེར་བྱས། ཁྲིམས་ལྟར་དུས་ཡོལ་ཐོན་རྫས་སྤྱི་རྒྱ1000རྩད་ཆོད་བཀར་ཉར་བྱས། ཚོང་གཉེར་འཁྲོལ་འཛིན་བླངས་མེད་པ་དང་ཚད་ལྡན་མ་ཡིན་པའི་གཟན་ཆས་ཐོན་རྫས་ཏུན72.47གྲལ་བཤེར་བྱས། 《གཟན་ཆས་དང་གཟན་ཆས་སྦྱོར་རྟ་ལས་གཉེར་སྤུས་ཀ་ལྟ་རྟོག་དོ་དམ་དམིགས་འབེན་འགན་འཁྲི་ཡི་གེ》14ལ་མིང་རྟགས་བཀོད། 
  དུས་མཚུངས་སུ། གསོ་སྤེལ་ཁྱིམ་ཚང10ཡིས་བེད་སྤྱོད་པའི་གཟན་ཆས་མ་བཅོས་རྒྱུ་ཆར་བརྟག་དཔྱད་བྱས་ཏེ། གཟན་ཆས་ཀྱི་མ་བཅོས་རྒྱུ་ཆའི་ཁྲོད་རྫུན་མ་བསྲེས་པ་དང་གཟན་ཆས་ཁྲོད་བཀག་སྡོམ་དངོས་རྫས་སྣོན་པའི་བྱ་སྤྱོད་ལ་རྡུང་རྡེག་གཙོ་བོ་བྱས་པ་དང་། བསྡོམས་པས་གསོ་སྤེལ་ཁྱིམ་ཚང་གི་གཟན་ཆས་རྫུན་ཞན་ཞུ་གཏུག་གྱོད་དོན7ཐག་གཅོད་བྱས་ཏེ། དྲིལ་སྒྲོག་ཡིག་ཆ2000ལྷག་བཀྲམ། གོང་བརྗོད་གོ་རིམ་ཁྲོད་སྤུས་ཀའི་བདེ་འཇགས་ཐད་མངོན་མེད་རྐྱེན་ངན་ཡོད་པའི་གཟན་ཆས་དང་གཟན་ཆས་སྦྱོར་རྟ30མ་དཔེ་ཟུར་ལེན་བྱས་ཏེ། ཉེན་ཁ་འགོག་ཟོན་གྱི་ལྟ་རྟོག་ཚད་འཇལ་སྤེལ་བ་རེད། །