ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཆོས་དབྱིངས་སྐྱིད་ཀྱིས་ཡོ་རོབ་ནས་ཨང་དང་པོ་བླངས་པར་རྟེན་འབྲེལ་ཞུ།

སྤེལ་དུས 2022-04-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ས་གནས་དེ་གའི་ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། སི་ལུའོ་ཧྥ་ཁོ་ཏུའུ་ཏིང་ཞི་རུ་སྤེལ་བའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་སྐོར་སྐྱོད་འགྲན་བསྡུར་སྟེང་། ཀྲུང་གོའི་བདམས་ཐོན་པ་ཆོས་དབྱིངས་སྐྱིད་ཀྱིས་བུད་མེད་ཀྱི་སྤྱི་ལེ35ཡི་འདུར་རྒྱུག་རྟིང་རྩོད་འགྲན་བསྡུར་ལས་ཨང་དང་པོ་བླངས་པ་རེད།
          ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་ཆོས་དབྱིངས་སྐྱིད་བུད་མེད་ཀྱི་སྤྱི་ལེ35ཡི་འདུར་རྒྱུག་འགྲན་བསྡུར་ནང་ཞུགས་ཏེ། ཆུ་ཚོད2དང་སྐར་མ43དང་སྐར་ཆ06གི་གྲུབ་འབྲས་ཐོབ་ནས། ཨང་དང་པོ་ཐོབ་པ་དང་ཆབས་ཅིག་རྣམ་གྲངས་དེའི་ཐད་ཀྱི་རང་ཉིད་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།
          ཀྲུང་གོའི་བུད་མེད་འདུར་རྒྱུག་འགྲན་བསྡུར་གྱི་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱི་ལུས་རྩལ་རྣམ་གྲངས་གཙོ་བོ་ནི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཡིན་ཏེ། 2012ལོའི་ཟླ8པའི་ཚེས12ཉིན་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ25དང་སྐར་ཆ16གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ལས་ཟངས་ཀྱི་རྟགས་མ་བླངས་པ་མ་ཟད་ཨེ་ཤེ་ཡ་གླིང་གི་ཟིན་ཐོ་གསར་པ་བཏོད་པ་རེད། 2016ལོའི་ཟླ3པའི་ཚེས26ཉིན་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་ཨང་གཉིས་པ་སྟེ་ཁ་ཉི་ཧྲེ་ཅིན་ན་ཡི་དངུལ་གྱི་རྟགས་མ་མེད་པར་བཟོས་ཏེ། ཆོས་དབྱིངས་སྐྱིད་ལ་ཨོ་རྩལ་འགྲན་ཚོགས་ལས་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་རིམ་གསབ་ཀྱི་དངུལ་གྱི་རྟགས་མ་སྤྲད་པ་རེད། ད་ལོའི་ཟླ3པར2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཨུ་རུ་སུའི་བདམས་ཐོན་པ་ཡེ་ལེན་ན·ལ་ཧྲི་མ་ནུའོ་ཝ་ཡིས་ཤུགས་སྨན་བརྒྱབ་པའི་གནད་དོན་ལས་གྲུབ་འབྲས་མེད་པར་བཟོས་ཤིང་། ཀྲུང་གོའི་བདམས་ཐོན་པ་ཆོས་དབྱིངས་སྐྱིད་ལ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་རིམ་གསབ་ཀྱི་གསེར་གྱི་རྟགས་མ་ཐོབ་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།