ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

གནའ་གྲོང་ལ་སླར་ཡང་གསོན་ཤུགས་འཕེལ་བ།

སྤེལ་དུས 2022-04-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— མཚོ་སྔོན་ཟི་ལིང་གི་གྲོང་ཁུལ་གཙོ་བོའི་འགུལ་མེད་དོ་དམ་རིམ་བཞིན་ལྷུག་ཏུ་བཏང་བའི་ཉིན་དང་པོའི་མཐོང་ཐོས།
          ཤར་ཕྱོགས་རི་བོའི་རྩེ་ནས་སྐྱ་མདའ་བཏང་མ་ཐག གནའ་གྲོང་ཟི་ལིང་རིམ་བཞིན་འཁྲུག་ཆ་དོད་དུ་སོང་ཞིང་། ཁུ་སིམ་པའི་ཉིན་མཚན་མང་པོ་བརྒྱུད་པའི་ཟི་ལིང་གྲོང་ཁྱེར་ཉིན་དེར་འཁྲུག་ཆ་དོད་དུ་སོང་ནས་གྲོང་མི་མང་པོ་ཞིག་རང་ཁྱིམ་ནས་དོན་ཏེ་དཔྱིད་དཔལ་ལ་མྱོང་རོལ་བྱེད་བཞིན་ཡོད།
          རེས་སྐོར་གསར་པའི་རིམས་ནད་ཀྱི་ཤུགས་རྐྱེན་འོག ཟླ་4པ་ནས་བཟུང་ཟི་ལིང་ལ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་གསར་པ་110ལྷག་ཙམ་མང་དུ་ཕྱིན་ཡོད། ཟླ་4ཚེས་14ཉིན་གྱི་མཚན་མོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཚང་མར་སྤྱི་སྤྱོད་རླངས་འཁོར་གཏོང་མཚམས་བཞག་པ་དང་། ཟ་ཁང་ཚོང་གཉེར་བྱེད་མཚམས་བཞག་པ། ཉིང་སྐྱུར་བརྟག་དཔྱད་བྱེད་མཁན་དང་ནད་བསྟེན་པ་དང་སྨན་ཉོ་མཁན་ཕུད་གྲོང་མི་གཞན་དག་དགོས་པ་མེད་ན་ཁྱིམ་ནས་དོན་མི་ཆོག་པ་དང་འདུ་འཛོམས་བྱེད་མི་ཆོག་པ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་འཛུལ་མི་ཆོག་པ་སོགས་ཀྱི་འགུལ་མེད་དོ་དམ་བྱས་ཡོད།
          ཉིན་ཤས་བསྟུད་མར་དཀའ་སྤྱད་འབད་འཐབ་ཀྱིས་རིམས་འགོག་བྱས་པ་བརྒྱུད། ཟི་ལིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། ཉེ་དུས་གྲོང་དབུས་ཁུལ་དང་། གྲོང་ནུབ་ཁུལ། གྲོང་བྱང་ཁུལ་བཅས་གྲོང་ཁུལ་གསུམ་དུ་རེས་སྐོར་མང་པོའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཚང་མ་ནི་སྲིབས་གཤིས་ཡིན་པས། ཚེས་22ཉིན་གྱི་མཚན་མོར་ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཡིས། ཟླ4ཚེས་23ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཁག་གཅིག(གྲོང་དབུས་ཁུལ་དང་། གྲོང་ནུབ་ཁུལ། གྲོང་བྱང་ཁུལ)གི་འགུལ་མེད་དོ་དམ་ལྷུག་ཏུ་བཏང་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་ཆོག་པའི་བརྡ་ཐོ་བཏང་བ་རེད།
          གྲོང་ནུབ་ཁུལ་ཧུའེ་ཉིང་ལམ་གྱི་ཞོགས་ཁྲོམ་དུ་སྐྱོད་སྐབས་ཁྲོམ་བཀྱག་སྟེང་སྔ་ས་ནས་སྔོ་ཚལ་མང་པོ་སྒྲིག་ནས་བཞག་ཡོད་པ་དང་གྲོང་མི་མང་པོ་ཞིག་ཞོགས་པ་སྔ་པོ་ནས་སྔོ་ཚལ་ཉོ་བར་སླེབས་ཡོད།
          གྲོང་ནུབ་ཁུལ་གྱི་སྐྲ་བཞར་ཁང་ཞིག་གི་སྒོ་འགྲམ་དུ་གྲོང་མི་མང་པོ་བང་བསྒྲིགས་ནས་བསྡད་ཡོད། “བདེ་ཐང་བཤེར་རྟགས་སྟོན་རོགས། རང་འགུལ་ངང་མི་སྒེར་གྱི་ཆ་འཕྲིན་འགོད་རོགས”ཀན་སུའུ་ཏིང་ཤིས་ནས་ཡིན་པའི་སྦྱིན་བདག་ཀྲང་ཝུའེ་ཡིས་གསར་འགོད་པར་འགུལ་མེད་དོ་དམ་ལྷུག་ཏུ་བཏང་བའི་ཉིན་དང་པོར་མི་དུས་རྒྱུན་ལས་མང་དུ་ཕྱིན་འདུག་ཅེས་བརྗོད་བྱུང་།
          ཞོགས་པའི་ཆུ་ཚོད་8པ་ཙམ་ལ། གྲོང་བྱང་ཁུལ་དུ་གནས་པའི་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པའི་ཨར་སྐྲུན་བྱ་ཡུལ་དུ་ཨར་སྐྲུན་སྒྲིག་ཆས་བསྐྱར་དུ་སྤྱོད་འགོ་ཚུགས་པ་དང་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་བཞིན་ཡོད།
          འགུལ་མེད་དོ་དམ་ལྷུག་ཏུ་བཏང་ནའང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་གཏོང་མི་རུང་། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་བཞིའི་ནང་གྲོང་ཤར་ཁུལ་གྱི་ལྟ་འདོམས་ཁུལ་ལ་ཉེ་དུས་སྔར་བཞིན་ནད་དཔེ་གསར་པ་ཐོན་ཡོད་པས་མིག་སྔར་འགུལ་མེད་དོ་དམ་ལྷུག་ཏུ་བཏང་མེད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།