ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

▶དབྱར་ཁ་དཔའ་རིས་ལ་གངས་རིར་གཟིགས་པར་ཕེབས།

སྤེལ་དུས 2022-05-09 ཡོང་ཁུངས། དཔའ་རིས་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། རྩོམ་པ་པོ།
  
  སྤྱི་ཟླ་5པར་སླེབས་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ལོ་ཧྲིལ་པོའི་དུས་མཚུངས་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་དང་།ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས་དེ་ལོ་རྒྱུས་ཀྱི་སྣེ་ཐང་ལས་བརྒལ་ཡོད། རྒྱལ་ཡོངས་སུ་ཆར་ཆུ་འབབ་ཚད་ལོ་ཧྲིལ་པོའི་དུས་མཚུངས་ལས་ཅུང་མང་མོད། འོན་ཀྱང་ས་ཁོངས་ཀྱི་ཁྱད་པར་མངོན་གསལ་དོད་པ་དང་། འབྲི་ཆུའི་ལྷོ་རྒྱུད་དང་ནུབ་བྱང་ཤར་རྒྱུད་དུ་ཅུང་མང་བ། ཧྭ་བྱང་དང་རྨ་ཆུ། ཧུའེ་ཧོ་ཆུ་བོའི་རྒྱུད། ལྷོ་ནུབ་དབུས་ནུབ་རྒྱུད་བཅས་སུ་ཅུང་ཉུང་ཙམ་ཡིན།
  དཔའ་རིས་བོད་རང་སྐྱོང་རྫོང་ནི་མདོ་ལ་རི་རྒྱུད་ཀྱི་ཤར་རྒྱུད་དུ་གནས་པ་དང་།མཚོ་བོད་མཐོ་སྒང་དང་། ས་སེར་མཐོ་སྒང་། ནང་སོག་མཐོ་སྒང་བཅས་འདི་གར་འདྲེས་ནས་ཡོད་ཅིང་།དབྱར་ཚུགས་གོང་འདི་གར་ཁ་བས་བསུ་མ་ཐེངས་ཤིག་ཞུས་ཡོད།
  ས་འདིར་ཉི་འོད་ཕོག་ཚད་ཆེ་བ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་བ།གནམ་གཤིས་ཐུན་མོང་མ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན། དབྱར་ཁ་ཡིན་ནའང་ཡུད་ཙམ་ལ་ནམ་མཁའ་གཡའ་དག་པ་དང་ཡུད་ཙམ་ལ་ཁ་བ་ལྷབ་ལྷུབ་ཏུ་འབབ་སྲིད་པས་གནས་སྐོར་བས་གངས་ཀྱིས་ཁེངས་པའི་དབྱར་ཁའི་ཡུལ་ལྗོངས་ངོ་མཚར་ཉམས་སུ་མྱོང་ཐུབ།དཔྱད་ཡིག་ཐོག་འཁོད་དོན། དཔའ་རིས་རྫོང་ལ་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད། འདི་གར་ཡུལ་སྐོར་ལ་ཕེབས་མཁན་ཚོས་ལེ་དབར་400ཡི་གནས་སྐོར་ལམ་བུ་བརྒྱུད་ནས་གངས་རི་དང་། དཔའ་རིས་འགག་གསུམ།ལོ་ངོ་སྟོང་གི་གནའ་བོའི་དགོན་པ་བཅས་ལ་མྱོང་རོལ་ཐུབ་པ་མ་ཟད།ལམ་བར་དུ་ད་དུང་གངས་རི་དང་།ནགས་ཚལ། རྩྭ་ཐང་། བྲག་དམར། ཧན་དང་མིང་རྒྱལ་རབས་དུས་ཀྱི་གནའ་བོའི་ལྕགས་རི་རིང་པོ་བཅས་ལ་ལྟ་སྐོར་བྱེད་ཆོག་ལ།དཔའ་རིས་ལ་དམིགས་བསལ་དུ་ཡོད་པའི་ནོར་དཀར་དང་ཡང་ཐག་ཉེར་འབྲེལ་འདྲིས་བྱ་ཐུབ།